འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་30ཉིན།

༄༅།།ཡུན་ནན་གྱི་མེ་ཏོག་བརྒྱད་ཀྱི་ཡ་གྱལ་བྲག་སྤོས་མེ་ཏོག 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་30ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཡུན་ནན་གྱི་མེ་ཏོག་བརྒྱད་ཀྱི་ཡ་གྱལ་བྲག་སྤོས་མེ་ཏོག
     མི་དམངས་དྲ་བའི་འཕྲིན། ཡུན་ནན་དུ་ཉི་འོད་དང་ཆར་ཆུ་འཛོམས་པོ་ཡོད་པས་མེ་ཏོག་སྣ་བརྒྱ་འཁྱོངས་བའི་སྨན་དུ་གྱུར་ཡོད་ལ། མེ་ཏོག་དང་རྩི་རིགས་རྩ་ཆེན་སྣ་ཚོགས་བགྲང་གིས་མི་ལངས་པ་ཡོད།  ཡུན་ནན་དུ་ལྟད་མོར་རུང་བའི་རྩི་ཤིང་རིགས་2100ལྷག་ཡོད་པའི་ནང་མེ་ཏོག་དང་རྩི་ཤིང་རིགས་1500ཡན་ཡོད་ལ། དེའི་ནང་མི་ཉུང་བ་ནི་རྩ་ཆེ་བའི་རྩི་ཤིང་དང་ཁྱད་ལྡན་རྩི་ཤིང་ཡིན་པས་དེ་ལ་མེ་ཏོག་གི་རྒྱལ་ཁམས་ཞེས་སུ་འབོད། དེའི་ནང་སྐད་གྲགས་ཆེ་ཤོས་ནི་ཡུན་ནན་གྱི་མེ་ཏོག་གྲགས་ཅན་བརྒྱད་ཡིན་པ་སྟེ། བྲག་སྤོས་མེ་ཏོག་དང་། ཡུས་ལན་མེ་ཏོག ལུག་མཉེའི་མེ་ཏོག  ལུ་གུ་མེ་ཏོག སྣ་མའི་མེ་ཏོག ཨུཏྤལ་ལྗང་གུ། སྤང་རྒྱན་གྱི་རིགས་བཅས་བརྒྱད་ཡིན། ད་ལོའི་ཟླ་10ཚེས་11ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ(COP15)ཁུན་མིང་དུ་འཚོགས་རྒྱུ་ཡིན་ཞིང་། སྐབས་དེར་ཡུན་ནན་མེ་ཏོག་གི་མཛེས་པ་ངོམས་རྒྱུ་རེད།
     བྲག་སྤོས་མེ་ཏོག 
     བྲག་སྤོས་མེ་ཏོག་ནི་ཡུན་ནན་གྱི་མེ་ཏོག་གྲགས་ཅན་བརྒྱད་ཀྱི་ཨང་དང་པོ་ཡིན་པ་དང་ཁུན་མིང་གྲོང་ཁྱེར་གྱི་མེ་ཏོག་ཡིན། བསྡོམས་རྩིས་བྱས་པ་ལྟར་ན་འཛམ་གླིང་ཡོངས་ཀྱི་བྲག་སྤོས་མེ་ཏོག་སྣ་ཁ་80ལྷག་ཙམ་ཡོད་པ་དང་ཡུན་ནན་དུ་སྣ་ཁ་35ཡོད་པ་དེས་བསྡོམས་འབོར་གྱི་44%བཟུང་ཡོད། ཡུན་ནན་གྱི་བྲག་སྤོས་མེ་ཏོག་འདེབས་གསོའི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་པ་དང་སྔ་ས་ནས་ཐང་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་དུས་ནས་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱས་ཡོད། འཇང་དང་ཏ་ལི་རྒྱལ་ཁབ་ཀྱི་དུས་སྐབས་(སྤྱི་ལོའི་དུས་རབས་8པ་ནས་དུས་རབས་13པའི་བར་)ནི་ལྡུམ་རའི་ནང་འདེབས་གསོ་བྱེད་པའི་མེ་ཏོག་གི་རིགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཐེང་ཁྲུང་ནི་ཡུན་ནན་གྱི་བྲག་སྤོས་ཇ་ཐོག་མའི་ཐོན་ཡུལ་ཡིན་པ་དང་ད་བར་ཐེང་ཁྲུང་གྲོང་ཁྱེར་གྱི་མངའ་ཁོངས་སུ་ད་དུང་བྲག་སྤོས་ཤིང་ཡུག་གཅིག་ཉར་ཚགས་བྱས་ཡོད། ཡུན་ནན་གྱི་བྲག་སྤོས་འདེབས་གསོའི་སྣ་ཁ་ཕྱི་རྒྱལ་དུ་ཁྱབ་པ་ནི་དུས་རབས་བཅུ་བདུན་པའི་དུས་མཇུག་གི་རྗེས་སུ་སྔོན་ལ་དབྱིན་ཇིར་ཁྱབ་པ་དང་། རྗེས་སུ་ཡང་ཨ་རིར་ཁྱབ་པ་རེད། ལོ་བརྒྱ་ཕྲག་ཁ་ཤས་རིང་བྲག་སྤོས་མེ་ཏོག་དང་ཡུན་ནན་མི་དམངས་ཀྱི་འཚོ་བའི་དབར་ལས་འབྲེལ་ཆགས་པ་མ་ཟད་དེ་མཛེས་སྡུག་འགྲན་ཟླ་བྲལ་བ་དང་སྣ་མང་ཕུན་སུམ་ཚོགས་པས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད།
【1】  【2】  【3】
༄༅།།ཡུན་ནན་གྱི་མེ་ཏོག་བརྒྱད་ཀྱི་ཡ་གྱལ་བྲག་སྤོས་མེ་ཏོག