འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་27ཉིན།

༄༅།།ཡུན་ནན་གྱི་མེ་ཏོག་གྲགས་ཅན་བརྒྱད་ཀྱི་ཡ་གྱལ་སྣ་མའི་མེ་ཏོག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་27ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཡུན་ནན་གྱི་མེ་ཏོག་གྲགས་ཅན་བརྒྱད་ཀྱི་ཡ་གྱལ་སྣ་མའི་མེ་ཏོག
     མི་དམངས་དྲ་བའི་འཕྲིན། ཡུན་ནན་དུ་ཉི་འོད་དང་ཆར་ཆུ་འཛོམས་པོ་ཡོད་པས་མེ་ཏོག་སྣ་བརྒྱ་འཁྱོངས་བའི་སྨན་དུ་གྱུར་ཡོད་ལ། མེ་ཏོག་དང་རྩི་རིགས་རྩ་ཆེན་སྣ་ཚོགས་བགྲང་གིས་མི་ལངས་པ་ཡོད།  ཡུན་ནན་དུ་ལྟད་མོར་རུང་བའི་རྩི་ཤིང་རིགས་2100ལྷག་ཡོད་པའི་ནང་མེ་ཏོག་དང་རྩི་ཤིང་རིགས་1500ཡན་ཡོད་ལ། དེའི་ནང་མི་ཉུང་བ་ནི་རྩ་ཆེ་བའི་རྩི་ཤིང་དང་ཁྱད་ལྡན་རྩི་ཤིང་ཡིན་པས་དེ་ལ་མེ་ཏོག་གི་རྒྱལ་ཁམས་ཞེས་སུ་འབོད། དེའི་ནང་སྐད་གྲགས་ཆེ་ཤོས་ནི་ཡུན་ནན་གྱི་མེ་ཏོག་གྲགས་ཅན་བརྒྱད་ཡིན་པ་སྟེ། བྲག་སྤོས་མེ་ཏོག་དང་། ཡུས་ལན་མེ་ཏོག ལུག་མཉེའི་མེ་ཏོག  ལུ་གུ་མེ་ཏོག སྣ་མའི་མེ་ཏོག ཨུཏྤལ་ལྗང་གུ། སྤང་རྒྱན་གྱི་རིགས་བཅས་བརྒྱད་ཡིན། ད་ལོའི་ཟླ་10ཚེས་11ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ(COP15)ཁུན་མིང་དུ་འཚོགས་རྒྱུ་ཡིན་ཞིང་། སྐབས་དེར་ཡུན་ནན་མེ་ཏོག་གི་མཛེས་པ་ངོམས་རྒྱུ་རེད།
     ཤིང་གི་སྣ་མའི་མེ་ཏོག་ལ་སྣ་མའི་མེ་ཏོག་དང་། སྣ་མའི་མེ་ཏོག་དཀར་པོ་སོགས་ཀྱང་ཟེར། རང་རྒྱལ་དུ་མེ་ཏོག་རིགས་འདི་འདེབས་འཛུགས་བྱས་པའི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་དེ་ཁྲུན་ཆིའུ་དུས་སྐབས་ནས་བཏབ་ཡོད་པ་རླབས་ཆེན་གྱི་སྙན་ངག་པ་ཆུས་ཡོན་གྱི་《སྙན་ངག་ལི་སའོ》ཞེས་པའི་ནང་དུ་“ཞོགས་པར་སྣ་མའི་མེ་ཏོག་ཟིལ་བ་འཐུང་།། དགོང་ཁར་ལུག་མིག་མེ་ཏོག་བྲོ་བ་མྱངས།།”ཞེས་བཀོད་ཡོད་པ་ལས་རྟོགས་ཐུབ། མེ་ཏོག་རིགས་འདི་ནི་མཐོ་རིམ་རྩི་ཤིང་ལོ་རྒྱུས་རིང་ཤོས་ཤིག་ཡིན་ཞིང་། ཀྲུང་གོར་ཁོངས་གཏོགས་12ཀྱི་རིགས་སྣ་120ཐོན་གྱི་ཡོད་པའི་ནང་ཡུན་ནན་དུ་ཁོངས་གཏོགས་ 9ཡི་རིགས་སྣ་80ལྷག་ཟིན་ཡོད། སྣ་མའི་རིགས་ཀྱི་རྩི་ཤིང་ནི་ཨེ་ཤ་ཡ་དང་མེ་གླིང་གི་དྲོད་རྒྱུད་དང་ཚ་ཁུལ་ཕལ་བ་དང་ཚ་ཁུལ་བཅས་སུ་ཁྱབ་ཡོད་མོད། ཡུན་ནན་ནི་སྔར་བཞིན་རིགས་སྣ་མང་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པའི་ས་ཁུལ་དེ་ཡིན། ཡུན་ནན་དུ་སྣ་མའི་མེ་ཏོག་ནི་ཁྱིམ་སྒོ་རའི་ནང་མེད་དུ་མི་རུང་བའི་ལྟད་མོ་རོལ་མྱོང་བྱེད་སའི་མེ་ཏོག་ཅིག་ཏུ་གྱུར་ཡོད་དེ། གང་སར་མཐོང་རྒྱུ་ཡོད་པ་དྲི་མ་ཞིམ་ཞིང་མིག་ལ་མཛེས་པོ་ཡིད་དབང་འགུག་པར་བྱེད་པ་ཞིག་ཡིན། 
【1】  【2】  【3】
༄༅།།ཡུན་ནན་གྱི་མེ་ཏོག་གྲགས་ཅན་བརྒྱད་ཀྱི་ཡ་གྱལ་སྣ་མའི་མེ་ཏོག
༄༅།།ཡུན་ནན་གྱི་མེ་ཏོག་གྲགས་ཅན་བརྒྱད་ཀྱི་ཡ་གྱལ་སྣ་མའི་མེ་ཏོག