འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་25ཉིན།

༄༅།།ས་མཐོར་ཁྲུང་ཁྲུང་གིས་གར་འཁྲབ་པ། སྣོད་བཅུད་རྒྱུན་མཐུད་ལེགས་སུ་ཕྱིན་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་25ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ས་མཐོར་ཁྲུང་ཁྲུང་གིས་གར་འཁྲབ་པ། སྣོད་བཅུད་རྒྱུན་མཐུད་ལེགས་སུ་ཕྱིན་པ།
     མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བ་ལྷ་ས་ནས་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། སྔར་ནས་ད་བར་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལམ་ལུགས་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་དང་། ཚན་རྩལ་རིག་གནས་ཀྱི་འདེགས་སྐྱོར་བརྟན་དུ་གཏོང་བ། སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། 
     བོད་ལྗོངས་དུ་ནག་ཆུ་ཤན་རྩ་རྫོང་དང་དཔལ་མགོན་རྫོང་སོགས་ལྟེ་བར་བྱེད་པའི་བོད་བྱང་རྩྭ་ཐང་ནི་ཁྲུང་ཁྲུང་མཇིང་ནག་སྐྱེ་འཕེལ་བྱ་ཡུལ་གཙོ་བོ་དེ་རེད། ལོ་རེའི་ཟླ་4པའི་ཟླ་འགོ་ནས་བཟུང་ཁྲུང་ཁྲུང་མཇིང་ནག་སྐྱེ་འཕེལ་གྱི་དུས་སུ་སླེབས་ཡོད། ཟླ་8པ་ནི་ས་མཐོའི་དུས་ཚིགས་ཡག་ཤོས་ཡིན་ལ་ཁྲུང་ཁྲུང་བུ་ཕྲུག་གིས་ཁྲུང་ཁྲུང་གི་རྗེས་སུ་འབྲངས་ནས་འཇོན་ཐང་སྦྱོང་བའི་དུས་ཀྱང་རེད། 
     ཉེ་བའི་ལོ་ཤས་རིང་། རི་སྐྱེས་སྲོག་ཆགས་དང་དེ་ཚོའི་འཚོ་གནས་ཁུལ་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་རིགས་ཁག་གི་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོ་ཐུབ་ནས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། དེའི་ནང་ཁྲུང་ཁྲུང་མཇིང་ནག་3000ཡང་མ་ཟིན་པ་ནས་8000ལྷག་ཙམ་བར་མང་དུ་ཕྱིན་ཡོད།
【1】  【2】  【3】
༄༅།།ས་མཐོར་ཁྲུང་ཁྲུང་གིས་གར་འཁྲབ་པ། སྣོད་བཅུད་རྒྱུན་མཐུད་ལེགས་སུ་ཕྱིན་པ།
༄༅།།ས་མཐོར་ཁྲུང་ཁྲུང་གིས་གར་འཁྲབ་པ། སྣོད་བཅུད་རྒྱུན་མཐུད་ལེགས་སུ་ཕྱིན་པ།