འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་25ཉིན།

༄༅།།G7ཡིས་ཐ་ལི་པན་ལ་བཀག་སྡོམ་བྱེད་དམ། ཀྲུང་གོ་ཕྱོགས་ཀྱིས་ལྟ་སྟངས་བསྟན། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་25ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།G7ཡིས་ཐ་ལི་པན་ལ་བཀག་སྡོམ་བྱེད་དམ། ཀྲུང་གོ་ཕྱོགས་ཀྱིས་ལྟ་སྟངས་བསྟན།
     མི་དམངས་དྲ་བའི་འཕྲིན། ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས་ཚེས་24ཉིན་རྒྱལ་ཁབ་བདུན་པོ་ཚོགས་པས་བརྙན་ལམ་ཚོགས་འདུ་འཚོགས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཉམས་ཉེན་ལ་གྲོས་བསྡུར་བྱ་རྒྱུ་རེད་འདུགསྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིས་ཚོགས་འདུའི་ཐོག་རྒྱལ་ཁབ་ཁག་གིས་ཐ་ལི་པན་ལ་བཀག་སྡོམ་གསར་པ་བྱ་དགོས་པའི་བསམ་གཞིག་བྱ་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     ཝང་ཝུན་པིན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་ནི་རང་ཚུགས་ཀྱི་བདག་དབང་རྒྱལ་ཁབ་གཅིག་ཡིན་པས་ཨ་རི་དང་དེའི་མནའ་གྲོགས་ཀྱིས་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ནས་ཨ་ཧྥུ་ཀ་ནི་སི་ཐན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བསམ་གཞིག་གཏིང་ཟབ་དང་ལས་དོན་གཟབ་ནན་བསྒྲུབ་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་དགེ་མཚན་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་དང་སྐུལ་འདེད་བཏང་སྟེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་དང་། དམངས་འཚོ་ལེགས་གཏོང་། རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས་པ་ལས་གནོན་ཐབས་དང་བཀག་སྡོམ་ཁོ་ན་བྱས་ན་གནད་དོན་ཐག་གཅོད་མི་ཐུབ་པར་དེ་ལས་ལྡོག་པ་ཡོང་སྲིད་ཅེས་གསུངས་པ་རེད། 
     ཝང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ངོས་འཛིན་བྱས་དོན།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་བརྟན་པོའི་ངང་བར་བརྒལ་དང་རྒྱལ་ཁབ་བསྐྱར་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས། ཇི་ལྟར་བྱས་ནས་དམངས་གཙོའི་དར་ཆ་བསྒྲེང་བར་ཁ་གཡར་ནས་རྒྱལ་ཁབ་གཞན་ལ་དམག་དོན་ཐོག་ནས་ཐེ་ཇུས་བྱེད་པའི་བྱེད་སྤྱོད་སླར་ཡང་མི་ཐོན་པ་བྱ་རྒྱུར་བསམ་གཞིག་བྱེད་དགོས་པ་དང་། ང་ཚོས་རྒྱལ་ཁབ་རེ་ཟུང་གིས་ནོར་འཁྲུལ་བཟོས་པ་དེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས། ལྷག་པར་དུ་ས་ཁུལ་དང་རྒྱལ་ཁབ་གྱིས་ཕམ་ཉེས་ཁུར་བའི་ཡ་ང་བའི་གནས་ཚུལ་ཡང་ཡང་ཐོན་དུ་འཇུག་མི་རུང་བ་རེད།
༄༅།།G7ཡིས་ཐ་ལི་པན་ལ་བཀག་སྡོམ་བྱེད་དམ། ཀྲུང་གོ་ཕྱོགས་ཀྱིས་ལྟ་སྟངས་བསྟན།