འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།།ཡུན་ནན་ལི་ཅང་གི་མེ་ཏོག་སོས་མ་རྒྱལ་ནང་དུ་འཚོང་བྲིན་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡུན་ནན་ལི་ཅང་གི་མེ་ཏོག་སོས་མ་རྒྱལ་ནང་དུ་འཚོང་བྲིན་པ།
    མི་དམངས་དྲ་བའི་འཕྲིན། ནམ་རྒྱུན། ཡུན་ནན་ལི་ཅང་ནུས་ཆེའི་དེང་རབས་མེ་ཏོག་ཐོན་ལས་གླིང་ཁུལ་ནས་ཐོན་པའི་ཚོན་ལྡན་རྟའི་རྨིག་པད་མ་མེ་ཏོག་ཚང་མ་གནམ་གྲུ་བསྡད་དེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་དེ། གྲོང་ཁྱེར་མི་འདྲ་བའི་མི་ཚང་མར་ས་མཐོའི་ཚོན་ལྡན་རྟའི་རྨིག་པད་མ་མེ་ཏོག་གི་མཛེས་སྡུག་མྱོང་རོལ་ཐུབ་པ་བྱེད་ཀྱི་ཡོད་པ་རེད།
   ལི་ཅང་གི་ཉི་འོད་འདང་ངེས་ཀྱི་གནམ་གཤིས་དྲོ་ལ་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས། མེ་ཏོག་སོས་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཧ་ཅང་འཚམ་པོ་ཡོད། ཐོག་མར། ཕྱི་རྒྱལ་ནས་ཐོན་པའི་ཚོན་ལྡན་རྟའི་རྨིག་པད་མ་མེ་ཏོག་རིགས་དེ་ལི་ཅང་དུ་ཁྱེར་མཁན་ནི་ལོ་རབས་80པའི་ནང་སྐྱེས་པའི་ལྡུམ་རའི་ལག་རྩལ་ཤེས་ལྡན་མི་སྣ་ཝན་ཅ་ཟེར་བ་འདི་རེད།
   2020ལོའི་ཟླ་8པར་ཚོན་ལྡན་རྟའི་རྨིག་པད་མ་མེ་ཏོག་རྣམ་གྲངས་བསྐྲུན་པ་དང་འབྲེལ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། ལོ་གཅིག་གི་ནང་། ས་མཐོ་ནས་ཐོན་པའི་ཚོན་ལྡན་རྟའི་རྨིག་པད་མ་མེ་ཏོག་དེ་དག་གིས་ཧ་ཅང་དཀོན་པའི་རང་བཞིན་དང་སྤུས་ཀ་ལེགས་པའི་ཁྱད་ཆོས་ལ་བརྟེན་ནས། མགྱོགས་མྱུར་ངང་རྒྱལ་ནང་གི་གྲོང་ཁྱེར་དང་པོ་གྲལ་གྱི་འཛད་སྤྱོད་པ་མང་པོའི་སེམས་པ་འགུག་པ་དང་འབྲེལ་ཐོན་ཚད་དང་ཁྲོམ་རའི་ཐོབ་སྐལ་ཡང་མང་པོ་ཐོབ་ཡོད།
   དམར་པོ་དང་། ཟིང་སྐྱ། སེར་པོ། ནག་པོ་སོགས་གླིང་ཁུལ་གྱི་རིག་ནུས་མཐུད་སྦྲེལ་ཤེལ་གྱི་དྲོད་ཁང་དུ་སྣ་ཁ་10ཡི་ཚོན་ལྡན་རྟའི་རྨིག་པད་མ་མེ་ཏོག་ཕན་ཚུན་འགྲན་ནས་བཞད་ཅིང་། མི་རྣམས་ཀྱི་མིག་དབང་འཕྲོག་པར་བྱེད། དེ་ཚོར་ད་དུང་སྒྱུ་རྩལ་གྱི་ཉམས་འགྱུར་གྱིས་ཁེངས་པའི་མིང་མང་པོ་ཡོད་པ་སྟེ།“པི་ཅ་སོ་”དང་“ཧའོ་ལའེ་ཝུའུ”“ཨ་ཙེ་”སོགས་རེད།
    ཚོན་ལྡན་རྟའི་རྨིག་པད་མ་མེ་ཏོག་དེ་དག་གི་ཐོན་ཚད་མཐོ་བ་མ་ཟད། རྒྱུ་སྤུས་ཀྱང་གཏན་འཇགས་ཡིན་པས། ཉིན་365ཡི་ནང་དུ་བཞད་ཐུབ་པ་དང་། ལོའི་ཐོན་ཚད་ལ་ཡལ་ག་ཁྲི་300ལྷག་ཡོད། ཚང་མ་ཐོན་སྐྱེད་བྱས་རྗེས། ལོ་རེའི་ཐོན་ཚད་ནི་སྒོར་ཁྲི་སྟོང་ལྷག་རིན་གྱི་ཡོད། 
   “དུས་མཇུག་ཏུ། སྨི་གྲུ་བཞི་མ་ཁྲི་45ཅན་གྱི་ཚད་གཞི་མཐོ་ཤོས་ཀྱི་རིག་ནུས་ཅན་གྱི་མེ་ཏོག་སོས་པ་འདེབས་པའི་བཟོ་གྲྭའི་ཤེལ་གྱི་དྲོད་ཁང་བསྐྲུན་པ་རེད། དེས་ཉེ་འགྲམ་གྱི་གྲོང་མིར་ལས་ཞུགས་ལས་གནས་250མཁོ་འདོན་བྱས་པ་དང་། ཞིང་པ་ཐོན་ལས་བཟོ་པར་དངོས་སུ་བསྒྱུར་ཐུབ་ཡོད” ཅེས་ལི་ཅང་གྲོང་ཁྱེར་གནའ་གྲོང་ཆུས་ཁའེ་ནན་ཁྲོམ་གཞུང་ཀུའེ་ཧྥུང་སྡེ་ཁུལ་གྱི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཧོ་ལི་ཕུང་གིས་བཤད།
【1】  【2】  【3】  【4】  【5】
༄༅།།ཡུན་ནན་ལི་ཅང་གི་མེ་ཏོག་སོས་མ་རྒྱལ་ནང་དུ་འཚོང་བྲིན་པ།