འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།།རླངས་སྣུམ་དང་ཁྲའེ་སྣུམ་རིན་གོང་གཅོག་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་23ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་གོང་འགྱུར་ལྡོག་ལ་གཞིགས་ཤིང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྣུམ་གྲུབ་མའི་རིན་གོང་ཆགས་པའི་ལམ་སྲོལ་གཞིར་བཟུང་། 2021ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར་250དང་སྒོར་245གཅོག་རྒྱུ་ཡིན་ཞེས་བརྗོད། 
    ད་ཐེངས་ཀྱི་རིན་གོང་བཅག་རྗེས་ཧྲེང་རེར་ཧ་ལམ་སྒོར་ཟུར་གཉིས་ཆག་ཡོད། 
    ད་ཐེངས་ཀྱི་སྣུམ་གྲུབ་མའི་རིན་གོང་ལེགས་སྒྲིག་གི་དུས་འཁོར་ནང་། རྒྱལ་སྤྱིའི་ཁྲོམ་རའི་མ་བཅོས་རྡོ་སྣུམ་གྱི་རིན་གོང་ཆེས་ཆེར་ཆག་ཡོད་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། སྤྱིའི་ཆ་ནས་བལྟས་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་མ་བཅོས་རྡོ་སྣུམ་གྱི་དགོས་མཁོ་སླར་གསོ་ཐུབ་ཚད་ཅུང་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་ཏོག་གསར་གློ་ཚད་གཞན་འགྱུར་གྱི་ནད་དུག་རྒྱུན་མཐུད་ངང་མཆེད་པ་དེས། རྒྱལ་སྤྱིའི་སྣུམ་གོང་འཁོར་སྐྱོད་ལ་གནོད་པ་ཡོད་པས། དུས་ཐུང་ནང་འཕར་ཆག་གི་འཕེལ་ཕྱོགས་ཐོན་ངེས།