འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།།ཁོའི་འབུམ་རམས་པའི་དཔྱད་རྩོམ་བརྟག་དཔྱད་བྱས་འབྲས་ཐོན་འདུག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་23ཉིན། ཧྥུའུ་ཏན་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གླིང་གིས་གཞུང་ཕྱོགས་དྲ་ཚིགས་ཐོག“ཀྲང་ཝུན་ཧུང་གི་འབུམ་རམས་པའི་སློབ་གནས་དཔྱད་རྩོམ་གྱི་གནད་དོན་སྐོར་གྱི་བརྟག་དཔྱད་མཇུག་འབྲས”ཁྱབ་བསྒྲགས་བྱས་ཡོད། སློབ་གྲྭའི་རིག་གཞུང་ཚད་ལྡན་ཨུ་ཡོན་ལྷན་ཁང་གིས་2017ལོའི་《ཧྥུའུ་ཏན་སློབ་ཆེན་གྱི་རིག་གཞུང་ཚད་ལྡན་ལག་བསྟར་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》གི་འབྲེལ་ཡོད་གོ་རིམ་ལ་གཞིར་བཟུང་ནས་བརྟག་དཔྱད་ཞིབ་བསྡུར་གྱི་ལས་དོན་སྤེལ་བ་དང་། དེ་སྔའི་ཧྲང་ཧའེ་གསོ་རིག་ཚན་རིག་སློབ་ཆེན་གྱིས་1999ལོའི་ཟླ་དང་པོར་བཟོ་བཅོས་བརྒྱབ་པའི《ཚན་ཞིབ་རྣམ་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་གསོ་སྦྱོང་ལས་དོན་གྱི་ཞིབ་སྲོལ》ལ་གཞིགས་ནས་ཀྲང་ཝུན་ཧུང་གི་འབུམ་རམས་པའི་སློབ་གནས་དཔྱད་རྩོམ་ནི་བླང་བྱ་དང་མཐུན་པ་ངོས་འཛིན་བྱས། ཟུར་བཀོད་ཀྱི་སྤྱི་གླེང་འབྲི་སྟངས་ཚད་ལྡན་མིན་པའི་སྐྱོན་ཡོད་ན་ཡང་། འབུམ་རམས་པའི་སློབ་གནས་དཔྱད་རྩོམ་གྱི་ཚན་ཞིབ་གྲུབ་འབྲས་དང་རིག་གཞུང་ཆུ་ཚད་ལ་ཤུགས་རྐྱེན་བཟོས་མེད་པས། རིག་གཞུང་ཐད་ཀྱི་ཚུལ་མིན་བྱ་སྤྱོད་གྲུབ་མེད།