འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་23ཉིན།

༄༅།།ཀྲུང་དབྱང་རྩ་འཛུགས་པུས།“གཞུང་ལས་པ་ཡག་ཤོས”ཀྱི་འོས་མི་འོས་སྦྱོར་གྱི་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་23ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། གཞུང་ལས་པའི་སྔོན་ཐོན་དཔེ་བཟང་ནུས་ཤུགས་ཡོད་རྒུས་བཏོད་དེ་རྒྱ་ཆེའི་གཞུང་ལས་པས་ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུར་སྐུལ་ལྕག་བྱ་ཆེད། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས“བློ་གཅིག་སེམས་གཅིག་གིས་དམངས་ཆེད་བྱ་བ་དངོས་སྒྲུབ་པ་དང་། འགན་འཁྲི་ཁུར་ནས་དངོས་སྒྲུབ་ཀྱི་རྣམ་པ་གསར་པ་གཏོད་པ”བརྗོད་དོན་གཙོ་བོར་བྱས་ཏེ་2021ལོའི“གཞུང་ལས་པ་ཡག་ཤོས”ཀྱི་སློབ་སྦྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་མཉམ་དུ་སྤེལ་རྒྱུ་ཡིན་པ་རེད། ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུའི་གཞུང་དོན་ཐིང་གིས་བརྡ་ཐོ་བཏང་ནས“གཞུང་ལས་པ་ཡག་ཤོས”ཀྱི་འོས་མི་འོས་སྦྱོར་གྱི་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
     ཀྲུང་དབྱང་རྩ་འཛུགས་པུས་ས་གནས་ཁག་གིས་འོས་སྦྱོར་བྱས་པའི་འོས་མིའི་ནང“གཞུང་ལས་པ་ཡག་ཤོས”ཀྱི་སློབ་སྦྱོང་དྲིལ་བསྒྲགས་བྱ་ཡུལ་བདམས་ཏེ་གཏན་འཁེལ་བྱ་རྒྱུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་མཉམ་དུ་འོས་འཚམ་གྱི་དུས་སུ་ཡོངས་བསྒྲགས་མཛད་སྒོ་གཉེར་རྒྱུ། བྱ་ཐབས་སྣ་ཚོགས་སྤྱད་ནས“གཞུང་ལས་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་སྒྲིག་འཛུགས་བྱ་རྒྱུ་བཅས་རེད།