འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་23ཉིན།

༄༅།།ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལ་བསྩལ་བའི་ཕྱག་རྟགས་འདི་དག་རེད་འདུག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་23ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལ་བསྩལ་བའི་ཕྱག་རྟགས་འདི་དག་རེད་འདུག
    མི་དམངས་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་། རྒྱལ་ཡོངས་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་ལ་བསྣམས་ནས། ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལ་དྲན་རྟེན་དངོས་པོ་གང་བསྣམས་ཡོད་ཟེར་ན། དེ་དག་ནི་རྟེན་འབྲེལ་ཞུ་བྱང་དང་། བཀྲ་ཤིས་གོས་དར། གཙོ་འཛིན་གྱི་སྐུ་པར། གུ་གུ་ཤའི་བུམ་པ། གོས་འཁྲུད་འཕྲུལ་ཆས། བག་སླང་། སྨན་བཅོས་བདེ་ཐང་ཁུག་མ། གློག་རྡུལ་ཁྲག་ཤེད་དཔྱད་ཆས། གདན་ཁེབས་ཆ་ཚང་བཞི། སྒྲ་སྒམ། དཔེ་དེབ་བཅས་དྲན་རྟེན་དངོས་པོ་ཁྱོན་10བསྣམས་འདུག
     བོད་རང་སྐྱོང་ལྗོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བསྟར་མའི་རྟེན་འབྲེལ་ཞུ་བྱང་ཨང་གྲངས་ཆེ་བ་1དང་། བོད་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་སའི་རྟེན་གཞི། ས་ཁུལ་དང་གྲོང་ཁྱེར་བདུན་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བསྟར་མའི་རྟེན་འབྲེལ་ཞུ་བྱང་ཨང་གྲངས་ཆེ་བ་ཁྱོན་10སྤྲད་ཡོད།
     རྟེན་འབྲེལ་ཞུ་བྱང་གི་ཕྱི་ངོས་ལ་གསེར་ཤོག་སྦྱར་ཞིང་། ཀྲུང་གོའི་སྲོལ་རྒྱུན་ཐེམ་ཡིག་བཟོ་དབྱིབས་སྤྱད་པ་དང་། དབུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བསྟར་མ་དང་། ཀྲུང་གོའི་དམར་པོས་གཞི་བྱས་པ། ས་རིས་གསེར་སྐུད་ཀྱིས་ནས་རིས་བཟོས་པ། ཕྱི་སྒྲོམ་ལ་སྤྲིན་བཟང་རི་མོ་བརྐོས་པས་སྤྱི་ཚོགས་ཞི་མཐུན་དང་། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད་བཅས་མཚོན་པར་བྱས་པ་དང་། ཏང་ཀྲུང་དབྱང་གིས་རང་སྐྱོང་ལྗོངས་མི་དམངས་ལ་བཅངས་པའི་ཐུགས་ཁུར་ཟབ་མོ་དང་སྨོན་འདུན་བཟང་པོའང་མཚོན་པར་བྱས་ཡོད། རྒྱབ་ངོས་ཀྱི་འབུར་བརྐོས་དེས་བོད་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་སྒོས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་མཉམ་དུ་ཐོབ་པ་མཚོན་ཡོད།
     བོད་རང་སྐྱོང་ལྗོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བསྟར་མའི་རྟེན་འབྲེལ་གོས་དར་ཨང་གྲངས་ཆེ་བ་1དང་། བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74དང་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་ཞི་མཐུན་དཔེ་བཟང་དགོན་སྡེ་ཁག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བསྟར་མའི་རྟེན་འབྲེལ་གོས་དར་ཆུང་བ་རེ་སྤྲད་ཡོད།
     རྟེན་འབྲེལ་གོས་དར་གྱི་རྒྱུ་ཆ་ནི་གོས་སྣམ་དམར་པོ་ཡིན་ཞིང་། འཚེམ་ངོས་ཀྱི་སྒྲོམ་གཞི་རས་སེར་པོ་དང་དམར་པོས་བཟོས་ཡོད། ཡི་གེ་མི་བཟོས་དར་སྐུད་ཀྱིས་འཚེམ་བཟོ་བྱས་ཡོད་པ་དང་། གོས་དར་གྱི་ཐང་རྒྱུག་གོས་རས་གསེར་པོས་བཏུམས་ཡོད་ལ། གཞོགས་གཉིས་དང་དེའི་འོག་ཏུ་སྟོང་སྐུད་གསེར་པོ་སྣེ་ཛར་བཏང་ཡོད།
     བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། བོད་སྡོད་དཔུང་སྡེ། ཁེ་ལས་དང་བྱ་གཞག་ཚན་པ། གྲོང་ཚོ་དང་གྲོང་ལྷན། དགོན་སྡེ་བཅས་ལ་གཙོ་འཛིན་གྱི་སྐུ་པར་པར་སྒྲོམ་རང་སྒྲིག་ཡོད་པ་རེ་སྤྲད་ཡོད་པ་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་། ལས་བྱེད་ལས་བཟོ་ཚོར་ཡང་གཙོ་འཛིན་སྐུ་པར་པར་སྒྲོམ་རང་སྒྲིག་ཡོད་པ་རེ་སྤྲད་ཡོད།
     བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་རིམ་པ་ཡན་གྱི་ཞི་མཐུན་དཔེ་བཟང་དགོན་སྡེ་ཁག་ལ་གུ་གུ་ཤའི་བུམ་པ་རེད་སྤྲད་ཡོད།
     གུ་གུ་ཤའི་བུམ་པ་དེ་ནི་སེམས་པ་གཅིག་མཐུན་དང་མི་རིགས་མཐུན་སྒྲིལ་གྱི་དོན་ཡིན་པས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་མཚོན་ཡོད། བུམ་པའི་ངོགས་སུ་ཀྲུང་གོའི་སྲོལ་རྒྱུན་གྱི་ཅིང་ཐའེ་ལན་བཟོ་རྩལ་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་པའི་འོད་འཕྲོ་བའི་རྣམ་པ་སྤྱད་པ་དང་། མུ་མཐའི་བཟོ་དབྱིབས་ཀྱིས་བཀྲ་ཤིས་ཁ་བཏགས་མཚོན་ཡོད། ནང་གི་བཀྲ་ཤིས་སྤྲིན་རྒྱན་གྱི་རི་མོ་ཕན་ཚུན་གསལ་བས་ཀྲུང་གོའི་ཕུགས་འདུན་མཚོན་ཡོད། དེའི་ཕྱི་གཞོགས་ཀྱི་མཐིལ་རིས་ལ་སྐལ་བཟང་མེ་ཏོག་གི་རི་མོ་བཀོད་ཡོད་པ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། འབྲོག་པ་མང་ཚོགས་རྣམས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་པ་མཚོན་ཡོད།
     བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ཚང་མར་ཤོང་ཚད་ཆེ་བ་དང་སྒུལ་ཤུགས་ཆེ་བའི་གོས་འཁྲུད་འཕྲུལ་འཁོར་རེ་སྤྲད་ཡོད།
     བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་རེར་གློག་གི་བག་སླང་རེ་སྤྲད་ཡོད།
     བོད་རང་སྐྱོང་ལྗོངས་ཀྱི་ལས་ཐོག་ལས་བྱེད་ལས་བཟོ་བ་དང་། བོད་སྡོད་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་སྨན་བཅོས་བདེ་ཐང་གི་ལྟོ་ཕད་(གློག་རྡུལ་ཁྲག་ཤེད་དཔྱད་ཆས་དང་ཁྲག་རྩའི་ཁྲག་རླུང་དཔྱད་ཆས་)རེ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚང་མར་གློག་རྡུལ་ཁྲག་ཤེད་དཔྱད་ཆས་རེ་སྤྲད་ཡོད།  
     བོད་རང་སྐྱོང་ལྗོངས་ཀྱི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་རེར་གདན་ཁེབས་ཆ་ཚང་རེ་སྤྲད་ཡོད།
     བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་འཁྲབ་སྟོན་ཆུང་གྲས་ལ་སྤྱོད་པའི་སྒྲ་སྒམ་རེ་སྤྲད་ཡོད།
     བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་༼ཞི་ཅིན་ཕིང་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ་༽པོད་གསུམ་རེ་སྤྲད་ཡོད།
     གཙོ་གནད་དགོན་སྡེ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པ། དེ་བཞིན་ས་ཁུལ་དང་གྲོང་ཁྱེར་ཁག་གི་ནང་བསྟན་མཐུན་ཚོགས། བོད་ལྗོངས་ནང་བསྟན་སློབ་གླིང་བཅས་ལ་༼ཀྲུང་ཧྭ་ཚིག་མཛོད་ཆེན་མོ་བོད་ཡིག་པར་མ་༽ཆ་ཚང་རེ་སྤྲད་ཡོད།
【1】  【2】  【3】  【4】  【5】
༄༅།།ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལ་བསྩལ་བའི་ཕྱག་རྟགས་འདི་དག་རེད་འདུག