འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་23ཉིན།

༄༅།། ཡུན་ནན་ཅིང་ཏུང་ནི་མགོ་ནག་དཔུང་རིང་སྤྲའི་ཕ་ཡུལ་ཡིན། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་23ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ནུབ་རྒྱུད་ཀྱི་མགོ་ནག་དཔུང་རིང་སྤྲ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་དངོས་རིགས་དེ་གོ་ལ་ཧྲིལ་པོར་1400ལྷག་ཙམ་ལས་མེད་ལ་ཀྲུང་གོར་1300ལྷག་ཙམ་ཡོད་པ་ཚང་མ་ཡུན་ནན་ཞིང་ཆེན་གྱི་མངའ་ཁོངས་སུ་ཁྱབ་ཡོད། ཡུན་ནན་ཞིང་ཆེན་ཅིང་ཏུང་དབྱི་རིགས་རང་སྐྱོང་རྫོང་གི་ཚད་མེད་རི་བོ་དང་མྱ་ངན་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྱུ་89དང་500ཡས་མས་ཁྱབ་ཡོད།
     ནུབ་རྒྱུད་ཀྱི་མགོ་ནག་དཔུང་རིང་སྤྲ་ནི་གདོད་མའི་ནགས་ཚལ་སྲུང་སྐྱོབ་ཀྱི་དར་ཆའི་གྲུ་གཟིངས་ཀྱི་སྐྱེ་དངོས་རིགས་དང་ནགས་ཚལ་སྐྱེ་ཁམས་མ་ལག་ཉར་ཚགས་ལེགས་པོ་བྱེད་པའི་མཛུབ་སྟོན་དངོས་རིགས་ཤིག་ཡིན། ཅིང་ཏུང་རྫོང་ནི་ནུབ་རྒྱུད་ཀྱི་མགོ་ནག་དཔུང་རིང་སྤྲ་རིགས་ཁྱུ་ཚོགས་ཀྱི་གྲངས་འབོར་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་དངོས་རིགས་ཧྲིལ་པོ་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། 2008ལོར་ཅིང་ཏུང་རྫོང་ལ་ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྱིས་“ཀྲུང་གོའི་མགོ་ནག་དཔུང་རིང་སྤྲ་མིའི་ཕ་ཡུལ”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།