འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་20ཉིན།

༄༅།།སི་ཁྲོན་ཅིང་ཡན་རྫོང་གི་ཞིང་པའི་རི་མོ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་20ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སི་ཁྲོན་ཅིང་ཡན་རྫོང་གི་ཞིང་པའི་རི་མོ།
     མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བ་ཁྲེང་ཏུའུ་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རིག་གནས་དང་ཡུལ་སྐོར་པུའུ། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་2021—2023ལོ་འཁོར་གྱི་“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ་”གྱི་འོས་སྦྱོར་དང་མིང་བཏགས་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། སི་ཁྲོན་གྲོང་ཁྱེར་ལེ་ཧྲན་གྲོང་ཁྱེར་ཅིང་ཡན་རྫོང་གི་“ཅིང་ཡན་ཞིང་བའི་རི་མོ་”འགྲན་ཞུགས་བརྩམས་ཆོས་ཁྲོད་འབུར་དུ་ཐོན་ཡོད་པ་རེད།
     ལེ་ཧྲན་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཆ་ནས། “ཅིང་ཡན་གྱི་ཞིང་པའི་རི་མོ་”ནི་རྨོ་ཞིང་རིག་གནས་དང་། གྲོང་གསེབ་ཀྱི་འཚོ་བ། ཞིང་ལས་ཀྱི་དཔལ་ཡོན་བཅས་བརྗོད་བྱ་གཙོ་བོར་བྱེད་པ་དང་།“གནམ་དང་ས། རང་ཉིད། རི་ཆུ། ཡུལ་སྲོལ་གོམས་གཤིས་བཅས་རི་མོར་ཕབ་པ་”ལ་བརྟེན་ནས་ཞིང་ལས་དུས་སྐབས་དང་། ཞིང་ལས་དོན་དག ཞིང་སྲོལ། ཞིང་ཁའི་ཡུལ་ལྗོངས། ཞིང་པའི་གནས་ཚུལ་བཅས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད་པ་དང་། དྭངས་གཙང་བབ་ཆགས་པའི་དྲི་མ་དང་བརྩེ་བས་ཕྱུག་པའི་འཚོ་བའི་རྣམ་པས་ཁེངས་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ངོ་བཅུ་ལྷག་ཙམ་གྱི་རིང་ལ་རའོ་ཧྲའོ་ཆིན་དང་། ཉེ་ཁྲའོ་ཀྲེང་། རའོ་དབྱི། ལི་ཅི། ཚའེ་ཡན་སོགས་ཞིང་པའི་རི་མོ་མཁས་ཅན་གྱིས་གསར་གཏོད་བྱེད་མཁན་གཙོ་བོ་བྱས་པའི་“ཅིང་ཡན་ཞིང་པའི་རི་མོ་”ཞིབ་འཇུག་ཁང་གིས་བརྩམས་པའི་བརྩམས་ཆོས་རབ་དང་རིམ་པ་མང་པོ་སྔ་རྗེས་སུ་པེ་ཅིང་སློབ་གྲྭ་ཆེན་མོ་དང་ཐག་རིང་ཁོ་རེ་ཡའི་རྒྱལ་སར་བསྐྱོད་དེ་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ལ་ཞུགས་པ་དང་། ཀྲུང་གོའི་ཞིང་པའི་སྒྱུ་རྩལ་དུས་ཆེན་དང་། ཧྲེན་ཀྲེན་རིག་གནས་འགྲེམས་ཚོགས། ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སོགས་སུ་འགྲེམས་སྤེལ་བྱས་པ་དང་། འདིས་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དང་འབྲེལ་བའི་“ཅིང་ཡན་ཞིང་པའི་རི་མོ་”དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་“རི་མོས་ང་ཚོའི་རིན་ཐང་ལྟ་བ་བརྗོད་པའི”སྤྱི་ཕན་བརྡ་ཁྱབ་དྲིལ་བསྒྲགས་ཀྱི་སྤུས་རྟགས་དང་། རྒྱལ་ཡོངས་ཞིང་པའི་རིག་གནས་སྒྱུ་རྩལ་གྱི“གྲོང་ཚོ་རེར་སྤུས་རྟགས་རེ”ཞེས་པའི་ཕུལ་བྱུང་རྣམ་གྲངས་དང་སི་ཁྲོན་ཞིང་ཆེན་གྱི་ཕྱི་ཕྱོགས་རིག་གནས་སྤེལ་རེས་ཀྱི་མཛེས་སྡུག་གི་མིང་བྱང་བཅས་སུ་འགྱུར་བར་བྱས་ཡོད།
【1】  【2】  【3】
༄༅།།སི་ཁྲོན་ཅིང་ཡན་རྫོང་གི་ཞིང་པའི་རི་མོ།