འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་20ཉིན།

༄༅།།དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།

—— བརྙན་པར་ལས་བོད་ཀྱི་ལོ་ངོ་70ཡི་རིང་གི་འཕོ་འགྱུར་ཆེན་པོ་མངོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་20ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།
    ལོ་ངོ་70ཡི་གོང་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ཞིང་། བོད་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་ཟེར་ལྡན་པའི་ལམ་ཆེན་དུ་བསྐྱོད་པ་རེད།
    ལོ་ངོ་70ཡི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ནི་སྐད་ཅིག་ཉིད་དུ་འདས། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཛད་རྗེས་ཡུན་དུ་གནས་པ་དང་། ཕན་པ་བསྐལ་བརྒྱར་ཐོབ་པ། སྔ་ན་འབྱུང་མྱོང་མེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་པ་རེད། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་མུན་ནག་ནས་འོད་སྣང་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་ནས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པར་ཉིན་བཞིན་འགྱུར་ལྡོག་ཕྱིན་པ་དང་བོད་མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཡར་རྒྱས་འགྲོ་བཞིན་ཡོད།