འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་20ཉིན།

༄༅།།སེར་ཤུལ་རྫོང་ནས་མཐོང་བའི་གཡི་ཕྲུག་གཉིས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་20ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སེར་ཤུལ་རྫོང་ནས་མཐོང་བའི་གཡི་ཕྲུག་གཉིས།
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁྲོམ་གཟའ་འགག་མ་ཤང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་པར་རྒྱག་མཁས་ཅན་ལུའི་ལིན་ལུང་དང་ལུའོ་ཞའོ་ཡུན་གཉིས་ཀྱིས་
གཡི་ཕྲུག་གཉིས་རྩེད་མོ་རྩེ་བའི་པར་གསལ་པོ་ལེན་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་དཀར་མཛེས་ཁུལ་དུ་བར་ཐག་ཉེ་ས་ནས་གཡི་ཕྲུག་གཉིས་དུས་གཅིག་ཏུ་པར་ལེན་ཐུབ་པ་ཐོག་མར་དེ་རེད། 
   ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ནི་ཉག་ཆུ། འབྲི་ཆུ། རྨ་ཆུ་བཅས་གཙང་གསུམ་གྱི་འགོར་གནས་པ་དང་། རང་བྱུང་རྩྭ་སའི་སྣོད་བཅུད་མ་ལག་གཙོ་བོར་བྱས་པའི་སྣོད་བཅུད་སྲུང་ཡོལ་ཞིག་དང་། ་རང་བྱུང་འདམ་རའི་ཁོར་ཡུག་རྒྱ་ཁྱབ་ངང་སྐྱེས་འཕེལ་བྱུང་སའི་རྨང་གཞི་གྲུབ་ཡོད་པ་རེད། རང་བྱུང་འདམ་ར་ནི་ལྗང་མདོག་སྐྱེ་དངོས་ཀྱི་ཆུ་མཛོད་ཆགས་པའི་ས་ཁུལ་ཞིག་ཡིན་ལ། རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་ས་ཞིག་ཀྱང་ཡིན། ཁྲོམ་གཟའ་འགག་མ་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་ཅིང་། གཅན་གཟན་རིགས་44དང་། འདབ་ཆགས་རིགས་155སྐམ་ཆུ་གཉིས་འཚོའི་སྲོག་ཆགས་རིགས་3 ཉ་རིགས་6བཅས་ཡོད། རྐྱང་དང་། གསའ། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོའི་སྲོག་ཆགས་16དང་། དྲེད་མོ་དང་ངང་དཀར་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་གཉིས་པའི་སྲོག་ཆགས་32ཡོད་པ་རེད། གཞན་ཡང་ད་དུང་གུར་གུམ། སྤང་རྒྱན་སྔོན་པོ་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་གཉིས་པའི་རྩི་ཤིང་རིགས་4ཡོད།
【1】  【2】
༄༅།།སེར་ཤུལ་རྫོང་ནས་མཐོང་བའི་གཡི་ཕྲུག་གཉིས།