འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་17ཉིན།

༄༅།།ཕོ་བྲང་པོ་ཏ་ལའི་སྒོ་རྒྱག་རྒྱུའི་བརྡ་ཐོ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་17ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
   མི་དམངས་དྲ་བའི་འཕྲིན། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་གྲོགས་པོ་རྣམ་པར་ཞུ་རྒྱུ། 
     ཕོ་བྲང་པོ་ཏ་ལའི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་ཆས་དང་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་རིམ་སྤོར་སྒྱུར་བཀོད་བྱེད་པའི་དགོས་མཁོའི་དབང་གིས་གོང་རིམ་འབྲེལ་ཡོད་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད་ངེད་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་2021ལོའི་ཟླ་8ཚེས་18ཉིན་ནས་ཟླ་8ཚེས་19ཉིན་བར་(གཟའ་ལྷག་པ་དང་གཟའ་ཕུར་བུ)སྒོ་ཉིན་གཉིས་རྒྱག་རྒྱུའི་གཏན་འཁེལ་བྱས་པ་ཡིན། ཉིན་དེ་གཉིས་ནང་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་རྩིས་ཡོད་པའི་ཡུལ་སྐོར་བ་དང་གནས་མཇལ་བ་ཚོས་རང་འགུལ་ངང་དུས་ཚོད་ལེགས་སྒྲིག་གནང་ཐུབ་ཡོད་པ་དང་། དེ་ལས་ཁྱེད་རྣམ་པར་སྟབས་མི་བདེ་བ་བཟོས་པར་དགོངས་དག་ཞུ་བ་མ་ཟད་ཕན་ཚུན་ལ་བརྡ་གཏོང་བར་བཀའ་དྲིན་ཆེ་ཞུ།
     ཆེད་དུ་སྤྱི་བསྒྲགས་འདི་སྤེལ།
                                                                  ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས།
                                                                2021ལོའི་ཟླ་8ཚེས་16ཉིན་ཕབ།