འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་17ཉིན།

༄༅།།ཡུན་ནན་ཝུན་ཧྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་17ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡུན་ནན་ཝུན་ཧྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་པ།
   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་11ཉིན། COP15“འཛམ་གླིང་གི་དབེན་པའི་སྐྱིད་ཚལ་ཡུན་ནན་གྱི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུས་ལོན་པར་སྐྱོད་པའི་སྨྱན་སྦྱོར་ཡོངས་ཀྱི་བརྗོད་བྱ་གཙོ་བོའི་བཅར་འདྲི”ཚོགས་པ་ཡུན་ནན་ཝུན་ཧྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ། སྲུང་སྐྱོང་ཁུལ་ནང་གི་རྩ་ཆེ་ཞིང་སྟོངས་ལ་ཉེ་ལ་ཁྱད་ལྡན་གྱི་རྩི་ཤིང་གི་རིགས་ཁྱུ་འཚོལ་ཞིབ་བྱས་ཡོད། 
    ཝུན་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་ཤར་ལྷོའི་རྒྱུད་ཀྱི་ཝུན་ཧྲན་ཀྲོང་རིགས་དང་མིའོ་རིགས་རང་སྐྱོང་ཁུལ་གྱི་ཝུན་ཧྲན་གྲོང་ཁྱེར་དང་ཤིས་ཁོངས་རྫོང་ཁོངས་སུ་གནས་ཡོད་ཅིང་། སྲུང་སྐྱོང་ཁུལ་ནི་ཝུན་ཧྲན་གྲོང་ཁྱེར་གྱི་ལའོ་ཅུན་ཧྲན་ཁུལ་དང་ཤིས་ཁྲོའུ་རྫོང་གི་ཞའོ་ཆའོ་ལུང་ཤུར་ཁུལ་གཉིས་ལས་གྲུབ་ཡོད་པ་རེད།
   ཡུན་ནན་སློབ་ཆེན་སྣོད་བཅུད་དང་ཁོར་ཡུག་སློབ་གླིང་གི་རིམ་པ་གཉིས་པའི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན་ལུའུ་ཧྲུའུ་ཀང་གིས་ངོ་སྤྲོད་བྱས་དོན། ཝུན་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་གཙོ་བོར་ཧྭ་ཀེ་སྡོང་པོ་མཚོན་བྱེད་དུ་འགྱུར་པའི་མུའུ་ལན་རིགས་ཀྱི་རྩི་ཤིང་དང་། པོ་ལེ་སྡོང་པོ། ཡལ་ལྔ་གསོམ་ཤིང་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་ལ་ཁྱད་ལྡན་གྱི་རྩི་ཤིང་གི་རིགས་ཁྱུ་དང་། སྦྲང་སྤྲེའུ། གཟུགས་ཆུང་སྦྲང་སྤྲེའུ་ཆུང་ངོའི་རིགས་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་རིགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པས། དེ་ནི་མིང་དོན་མཚུངས་པའི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་སྲོག་ཆགས་དང་རྩི་ཤིང་འཚོ་གནས་ཀྱི་ཞིང་ཁམས་ཤིག་རེད། 
   ཝུན་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལའོ་ཅུན་ཧྲན་ཡན་ལག་ཅུས་ཀྱི་ཅུས་ཀྲང་པའེ་ཡུང་ཕུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཝུན་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་ལྷོ་རྒྱུད་དུ་རྙེད་དཀའ་བའི་དངོས་རིགས་གཞི་རྒྱུའི་མཛོད་བབཟང་ཞིག་ཡིན། སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་ཁོངས་སུ་གཏོགས་པའི་སྲོག་ཆགས་དང་རྩི་ཤིང་རིགས་མང་པོ་ཡོད་ཅིང་། རྩི་ཤིང་ཐད་ནས་བཤད་ན། ཧྭ་ཀའེ་ཤིང་སྡོང་ཕུད། ད་དུང་མུའུ་ལན་རིགས་སྣ་ཚོགས་དང་། སྨྱུག་རྩྭ། སེང་གེ་ཤིང་། མའོ་ཀྲི་ཁབ་ལྔའི་གསོམ་སྡོང་། གསོམ་ཤིང་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་ཁོངས་སུ་གཏོགས་པའི་རྩི་ཤིང་རིགས་35ཡོད་པའི་ནང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱེད་ཁོངས་སུ་གཏོགས་པའི་རྩི་ཤིང་རིགས་6དང་། རིམ་པ་གཉིས་པའི་ཁོངས་སུ་གཏོགས་པའི་རྩི་ཤིང་རིགས་29བཅས་ཡོད། སྲོག་ཆགས་ཐད་ནས་བཤད་ན།སྲུང་སྐྱོང་ཁུལ་དུ་སྦྲང་སྤྲེལ་དང་། གཟུགས་ཆུང་སྦྲང་སྤྲེའུ། གླ་བ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་8དང་། དེ་བཞིན་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་འོ་འཐུང་སྲོག་ཆགས་རིགས་12དང་། སྐམ་ཆུ་གཉིས་འཚོའི་གོག་འགྲོ་སྲོག་ཆགས་རིགས་ལ་སྦྲུལ་ཆེན་དང་། རི་གནས་རུས་སྦལ།རྨིགས་པ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་ཁོངས་སུ་གཏོགས་པའི་སྲོག་ཆགས་རིགས་4་དང་། རྒྱལ་ཁབ་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་འདབ་ཆགས་རིགས་ལ་བྱ་རྒོད་ཁྱུང་མགོ་དང་། གསུས་དཀར་གསེར་བྱ་སོགས་རིགས་20ཡོད།
    ཝུན་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཐོང་དཀོན་ཞིང་ཧ་ཅང་རྩ་ཆེ་བའི་སྲོག་ཆགས་དང་རྩི་ཤིང་མང་བའི་ས་ཆ་ཞིག་ཡིན་ཞིང་། དེ་ལ་སྲོག་ཆགས་དང་རྩི་ཤིང་ཁྱབ་ཚུལ་གྱི་རྒྱུན་ལྡན་རང་བཞིན་དང་། དཀོན་ཞིང་རྩ་ཆེ་བའི་རང་བཞིན། སྣ་མང་རང་བཞིན། འཐུས་ཚང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་དཀོན་ཞིང་རྩ་ཆེ་བའི་སྲོག་ཆགས་དང་རྩི་ཤིང་གི་རིགས་སྣ་མང་ཞིང་ཕུན་སུམ་ཚོགས་པའི་སྲུང་སྐྱོང་ཁུལ་གྱི་གྲས་ཤིག་ཀྱང་རེད། སྲོག་ཆགས་དང་རྩི་ཤིང་གི་འབྱུང་ཁུངས་དང་། སྐྱེས་འཕེལ་མ་ལག རིགས་དབྱེ་རིག་པ། ལྗོངས་ཁོངས་རིག་པ་བཅས་ཞིབ་འཇུག་བྱེད་གནས་གལ་ཆེན་ཞིག་ཀྱང་ཡིན། 
【1】  【2】  【3】
༄༅།།ཡུན་ནན་ཝུན་ཧྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་པ།