འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་16ཉིན།

༄༅།།སྨན་བཅོས་འགན་སྲུང་ཐད་སྟབས་བདེ་འདི་འདྲ་བསྐྲུན་འདུག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་16ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་སྤྱོད་འགོ་ཚུགས་པ་དང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་རྒྱ་ཁྱབ་ངང་བེད་སྤྱོད་གཏོང་འགོ་ཚུགས་པའི་མཛད་སྒོ་འཚོགས་པའི་ཐོག་ནས། ལྗོངས་ཡོངས་སུ་སྨན་བཅོས་འགན་སྲུང་གློག་རྡུལ་དཔང་འཛིན་དང་། ཐོབ་ཐང་ལག་ཁྱེར། སྤྱི་ཚོགས་འགན་བཅོལ་གཱ་སོགས་མཚམས་སྦྱོར་དངོས་པོ་སྣ་ཚོགས་སྤྱོད་ཐུབ་པ་བརྒྱུད། སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་རྩིས་རྒྱག་པའི་དུས་རབས་དེ“ཤོག་བུ་དང་སྨྱུ་གུ”ནས“འོད་དང་གློག”གི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་མཚོན་ཡོད། 
ཐབས་ལམ་མང་པོར་བརྟེན་ནས་སྨན་བཅོས་འགན་སྲུང་གི་ནུས་པ་བཀོལ་སྤྱོད་བྱས་ཡོད།
     རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་འཆར་འགོད་ནོར་དོན་དང་ཁྲིམས་སྲོལ་ཁྲུའུ་ཡི་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་དབྱང་ཐའེ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། དེ་སྔའི་སྨན་བཅོས་འགན་སྲུང་གཱ(ལྗང་ཁུ)རྩིས་མེད་དུ་བཏང་ཟིན་ཞིང་། རང་ལྗོངས་ཀྱི་འགན་སྲུང་ནང་ཞུགས་མཁན(གྲོང་མི་དང་ལས་བཟོ)ཚང་མས་སྨན་བཅོས་འགན་སྲུང་གློག་རྡུལ་དཔང་འཛིན་དང་། ཐོབ་ཐང་ལག་ཁྱེར། སྤྱི་ཚོགས་འགན་སྲུང་གཱ་སོགས་ལ་བརྟེན་ནས་སྨན་བཅོས་དང་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག་གི་ཡོད་པ་རེད།
     དོ་སྣང་བྱེད་འོས་པ་ཞིག་ནི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་ཀྱི་གཅིག་གྱུར་རང་བཞིན་དང་འོས་འཚམ་རང་བཞིན་ཤུགས་སྣོན་རྒྱག་པའི་བླང་བྱ་ལྟར། སྨན་བཅོས་འགན་སྲུང་གློག་རྡུལ་དཔང་འཛིན་དམིགས་བསལ་གྱིས་སྔོན་དུ་སྤྱད་དེ་སྨན་བཅོས་འགན་སྲུང་ལས་སྒོ་སྒྲུབ་ཆོག་པ་དང་བསྡོམས་རྩིས་རྒྱག་ཆོག་ཀྱི་ཡོད། 
     རྗེས་མར་རང་གི་ཁ་པར་རམ་ཡང་ན་ཐོབ་ཐང་ལག་ཁྱེར་ལ་བརྟེན་ན། སྨན་བཅོས་འགན་སྲུང་གི་གཏན་འཛུགས་སྒྲིག་གཞི་ནས་སྨན་ཉོ་ཐུབ་པའམ་སྨན་ཁང་དུ་སྡོད་ཐུབ་ཀྱི་ཡོད། ན་གཞོན་ཚོས་ཁ་པར་ཐོག་གི་སྨན་བཅོས་འགན་སྲུང་གློག་རྡུལ་དཔང་འཛིན་སྟོན་ཆོག་པ་དང་། རྒན་རྒོན་ཚོས་ཐོབ་ཐང་ལག་ཁྱེར་བཀོག་སྤྱོད་བྱེད་ཆོག་པ། ཐེངས་དང་པོར་སྤྱོད་དུས་གཏོང་སྤྲོད་ཀྱི་གསང་གྲངས་བཟོ་ཆོག་པས་ཧ་ཅང་སྟབས་བདེ་ཡིན་ཞེས་དབྱང་ཐའེ་ལིན་གྱིས་བཤད། 
     འགན་བཅོལ་ནང་ཞུགས་མཁན་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་ལས་སྟེགས་ཀྱི་Appདང་།“བོད་ལྗོངས་སྨན་བཅོས་འགན་སྲུང”གི་སྐད་འཕྲིན་གྱི་གོ་རིམ་ཆུང་གྲས། ཀྲུང་གོ་དངུལ་ཁང་གི་App ཀྲུང་གོ་ཞིང་ལས་དངུལ་ཁང་གི་Appསོགས་ཀྱི་ཐབས་ལམ་བརྒྱུད། སྨན་བཅོས་འགན་སྲུང་གློག་རྡུལ་དཔང་འཛིན་གྱི་སྤྱོད་ནུས་བསླངས་ནས་སྟབས་བདེའི་སྨན་བཅོས་འགན་སྲུང་ཞབས་ཞུ་ལོངས་སུ་སྤྱོད་ཆོག  “བོད་ལྗོངས་སྨན་བཅོས་འགན་སྲུང་”གི་སྐད་འཕྲིན་གོ་རིམ་ཆུང་གྲས་དཔེར་བཞག་ན། སྤྱོད་ནུས་སློང་བའི་གོ་རིམ་གཤམ་གསལ་ཏེ།
     གོམ་སྟབས་དང་པོ། “བོད་ལྗོངས་སྨན་བཅོས་འགན་སྲུང་”གྱི་སྐད་འཕྲིན་གོ་རིམ་ཆུང་གྲས་ནང་འཛུལ་ནས་སྨན་བཅོས་འགན་སྲུང་གི་གློག་རྡུལ་དཔང་འཛིན(འཆར་ངོས་འོག་གི་དཀྱིལ)གནོན་དགོས།
     གོམ་སྟབས་གཉིས་པ། རྩིས་ཐོའི་ཨང་གྲངས་དང་གསང་བའི་ཨང་གྲངས་བཟོས་ནས་མི་སྒེར་གྱི་ཡང་དག་ལ་གོ་ཆོད་པའི་ཐོབ་ཐང་ཆ་འཕྲིན་འབྲི་དགོས།
     གོམ་སྟབས་གསུམ་པ། ཁྲིད་སྟོན་ལྟར་ངོ་རིས་དབྱེ་འབྱེད་ཀྱི་ངོས་འཛིན་བྱེད་དགོས།
     གོམ་སྟབས་བཞི་པ། མི་སྒེར་གྱི་རྩིས་ཐོའི་ཨང་གྲངས་ནང་འཛུལ་ཏེ་སྨན་བཅོས་འགན་སྲུང་གློག་རྡུལ་དཔང་འཛིན་བེད་སྤྱོད་བྱེད་པའི་གསང་བའི་ཨང་གྲངས་འཇུག་དགོས།
     གོམ་སྟབས་ལྔ་པ། སྤྱོད་ནུས་བསླངས་ཟིན།
     དེ་སྔའི་སྨན་བཅོས་འགན་སྲུང་གཱའི་ནང་གི་དངུལ་ལྷག་མཉམ་དུ་སྤོ་བསྒྱུར་བྱས་ཡོད། 
     གཱ་ཪྙིང་པ་བཀོལ་མཚམས་བཞག་ན་དེའི་ནང་གི་སྒོར་མོ་ཕར་བསྒྱུར་ཐུབ་བམ། ཉེ་ཆར། སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་ལ་འདི་འདྲའི་དོགས་གཞི་ཞིག་ཡོད། དབྱང་ཐའེ་ལིན་གྱིས་གསལ་འགྲེལ་བྱས་དོན། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་གི་ཆ་འཕྲིན་ལས་སྟེགས་སྤྱོད་འགོ་ཚུགས་རྗེས། དེ་སྔའི་སྨན་བཅོས་འགན་སྲུང་གཱའི་ཐོབ་ཆ་དང་མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་ལྷག་མ་རྣམས་དུས་གཅིག་ཏུ་ཕར་བསྒྱུར་ཡོད་པ་མ་ཟད་སྟེགས་བུ་གསར་པ་དེའི་ནང་ནས་ཡང་དག་ངང་མངོན་ཐུབ། འགན་སྲུང་ནང་ཞུགས་མཁན་གྱིས“བོད་ལྗོངས་སྨན་བཅོས་འགན་སྲུང་”གི་སྐད་འཕྲིན་གོ་རིམ་ཆུང་གྲས་ཀྱི“སྨན་བཅོས་འགན་སྲུང་ཞབས་ཞུ”ཞེས་པ་མནན་ཚེ་འགན་སྲུང་ནང་ཞུགས་པའི་མི་སྒེར་གྱི་ཐོ་འགོད་དང་། རྩིས་ཁྲའི་ནང་གི་དངུལ་ལྷག་མ། སྨན་པ་བསྟེན་པ་དང་སྨན་ཉོ་བ་སོགས་ཀྱི་ཆ་འཕྲིན་ལྟ་ཐུབ་པ་དང་ཆབས་ཅིག“ཞིང་ཆེན་བསྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང”དང“འགན་སྲུང་ནང་ཞུགས་པའི་ཐོ་འགོད”སོགས་ཀྱི་འབྲེལ་ཡོད་ལས་སྒོ་ཡང་གཉེར་ཆོག
     རང་ལྗོངས་ཀྱི་ཆ་འཕྲིན་ཅན་དང་གཞི་གྲངས་ཅན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཀྱང་གཅིག་གྱུར་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུ་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་མུ་མཐུད་འཚོལ་ཞིབ་དང་གསར་གཏོད་བྱས་ནས་སྨན་བཅོས་འགན་སྲུང་གློག་རྡུལ་ལག་ཁྱེར་བེད་སྤྱོད་ཁྱབ་ཁོངས་དང་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་རྒྱ་ཆེའི་འགན་སྲུང་ནང་ཞུགས་མཁན་མང་ཚོགས་ལ་དེ་བས་སྟབས་བདེ་ལ་ཕན་འབྲས་ཆེ་བའི་སྨན་བཅོས་ལས་གཉེར་ཞབས་ཞུ་མཁོ་འདོན་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ། བདེ་འཇགས་ཀྱི་ཚོར་བ་བཅས་ཕན་ནུས་ལྡན་པའི་སྒོ་ནས་གོང་མཐོར་བཏང་ཡོད། 
     སྨན་བཅོས་འགན་སྲུང་ནང་ཞུགས་མཁན་ལ་དོགས་གཞི་བྱུང་ཚེ། སྒྲུབ་གཉེར་སྒྲིག་གཞིར་ཁ་པར་གཏོང་ཆོག 
     རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་སྤྱོད་འགོ་ཚུགས་རྗེས། འགན་སྲུང་ནང་ཞུགས་མཁན་ཚོར་གཱ་སྤྱད་དེ་སྨན་ཉོ་བ་དང་སྨན་ཁང་དུ་སྡོད་པ་སོགས་ཀྱི་ཐད་ལ་དོགས་གཞི་བྱུང་ཚེ། ཁ་པར་དང་། ལས་སྒྲུབ་སྐར་ཁུང་། གཞུང་ཕྱོགས་དྲ་ཚུགས་སོགས་བརྒྱུད་དེ་བློ་འདྲི་བྱེད་པའམ་ཡང་ན་གནད་དོན་ཚུར་ལན་བྱེད་ཆོག རིམ་ཁག་སྨན་བཅོས་འགན་སྲུང་གཉེར་སྒྲུབ་སྒྲིག་གཞིས་ཀྱང་དུས་ཐོག་ཏུ་ལན་སློག་གི་ཡོད་པ་རེད།
     བློ་འདྲིའི་ཁ་པར་དང་དྲ་ཚིགས།
     རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས། 0891-6609903/6655654 
     ལྷ་ས་གྲོང་ཁྱེར། 0891-6569957
     གཞིས་རྩེ་གྲོང་ཁྱེར། 0892-8822407/8822495
     ལྷོ་ཁ་གྲོང་ཁྱེར། 0893-7667762/7667738
     ཉིང་ཁྲི་གྲོང་ཁྱེར། 0894-5816882/5816883 
     ཆབ་མདོ་གྲོང་ཁྱེར། 0895-4980183
     ནག་ཆུ་གྲོང་ཁྱེར། 0896-3929727 
     མངའ་རིས་ས་ཁུལ། 0897-2901074
     རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་གཞུང་ཕྱོགས་དྲ་ཚུགས། http://ylbzj.xizang.gov.cn/