འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་12ཉིན།

༄༅།།བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་དྲན་རྟེན་སྒོར་མོ་དགྲམ་གྲབས་ཡོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་12ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་མདུན་ངོས་ཀྱི་པར་རིས་ཡིན།
འདི་ནི་མདུན་ངོས་ཀྱི་པར་རིས་ཡིན། 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མི་དམངས་དངུལ་ཁང་གིས་2021ལོའི་ཟླ་8ཚེས་16ཉིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་གསེར་དངུལ་གྱི་དྲན་རྟེན་སྒོར་མོ་ཆ་ཚང་ཞིག་དགྲམ་རྒྱུའི་གཏན་འཁེལ་བ་རེད།གསེར་དངུལ་གྱི་དྲན་རྟེན་སྒོར་མོ་ཁྱོན་བསྡོམས་2ཡོད་པའི་ནང་གསེར་གྱི་དྲན་རྟེན་སྒོར་མོ་1དང་དངུལ་གྱི་དྲན་རྟེན་སྒོར་མོ་1ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དངུལ་ལོར་ཡིན་པ་རེད། 
     གཅིག དྲན་རྟེན་སྒོར་མོའི་པར་རིས། 
     གསེར་དངུལ་གྱི་དྲན་རྟེན་དངུལ་སྒོར་ཆ་ཚང་དེའི་མདུན་ཕྱོགས་ཀྱི་རི་མོ་ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཡིན་པ་མ་ཟད། ད་དུང་རྒྱལ་མིང་དང་ལོ་རྟགས་ཀྱང་བཀོད་ཡོད། 
     ལྗིད་ཚད་ཁེ་8ཀྱི་གསེར་གྱི་དྲན་རྟེན་སྒོར་མོ་སྒོར་སྒོར་དེའི་རྒྱབ་ངོས་སུ་ཉི་མ་དང་སེ་འབྲུ། གངས་ལྷ་མེ་ཏོག ཁ་བཏགས་བཅས་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མཚན་ཁྲོད་ཀྱི་གྲངས་གཞི“70”ལས་མཉམ་དུ་ཇུས་འགོད་བྱས་པ་དང་འབྲེལ་རྒྱ་ཡིག་དང་བོད་ཡིག་ནས་བྲིས་པའི་“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བ”དང་“1951ལོ་ནས་2021ལོའི་བར”ཞེས་པའི་ཡིག་འབྲུ་དང་དངུལ་གྲངས་ཀྱང་བཀོད་ཡོད་པ་རེད།
     ལྗིད་ཚད་ཁེ་30ཡི་དངུལ་གྱི་དྲན་རྟེན་སྒོར་མོ་སྒོར་སྒོར་དེའི་རྒྱབ་ངོས་སུ་གཞུང་ལམ་དང་། ལྕགས་ལམ། ཤུགས་འགྲེམས་མེ་འཁོར། གནམ་གྲུ། སྒེར་ཁང་། གངས་རི། མཚེའུ། སྐལ་བཟང་མེ་ཏོག དར་དཔྱངས་སོགས་ལས་མཉམ་དུ་ཇུས་འགོད་བྱས་པ་དང་འབྲེལ་རྒྱ་ཡིག་དང་བོད་ཡིག་གཉིས་ནས་བྲིས་པའི་“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བ”དང་“1951ལོ་ནས་2021ལོའི་བར”ཞེས་པའི་ཡིག་འབྲུ་དང་དངུལ་གྲངས་ཀྱང་བཀོད་ཡོད་པ་རེད། 
     གཉིས། དྲན་རྟེན་སྒོར་མོའི་ཚད་གཞི་དང་འགྲེམས་སྤེལ་བྱེད་གྲངས། 
     ལྗིད་ཚད་ཁེ་8ཀྱི་གསེར་ཀྱི་དྲན་རྟེན་སྒོར་མོ་ནི་ཞིབ་བཟོ་གྲལ་ཡིན་པས་གསེར་སྨར་རྐྱང་ཁེ་8འདུས་པ་དང་ཚངས་ཐིག་ཧའོ་སྨི་22དང་ངོས་ཐང་སྒོར་100ཡིན། དག་ཚད་99.9%ཟིན་པ་དང་འགྲེམས་གྲངས་མང་ཤོས་10000ཡིན་པ་རེད། 
     ལྗིད་ཚད་ཁེ་30ཡི་དངུལ་གྱི་དྲན་རྟེན་སྒོར་མོ་ནི་ཞིབ་བཟོ་གྲལ་ཡིན་པས་དངུལ་སྨར་རྐྱང་ཁེ་30འདུས་པ་དང་ཚངས་ཐིག་ཧའོ་སྨི་40དང་ངོས་ཐང་སྒོར་10ཡིན། དག་ཚད་99.9%ཟིན་པ་དང་འགྲེམས་གྲངས་མང་ཤོས་20000ཡིན་པ་རེད།
     གསུམ། འབྲེལ་གཏུགས་བྱ་ཡུལ།
     གསེར་དངུལ་གྱི་དྲན་རྟེན་སྒོར་མོ་ཆ་ཚང་དེ་ནི་ཧྲང་ཧའེ་དངུལ་ལོར་བཟོ་སྐྲུན་ཚད་ཡོད་ཀུང་སིས་བཟོས་པ་དང་། ཀྲུང་གོའི་གསེར་ཊམ་སྤྱི་ཁྱབ་ཀུང་སིས་སྤྱིའི་བརྒྱུད་འཚོང་བྱེད་ཀྱི་ཡོད། བྲིན་ཚོང་ཐབས་ལམ་ཞིབ་ཕྲ་ཀྲུང་གོའི་གསེར་ཊམ་དྲ་བར་གཟིགས་རོགས། (www.chngc.net/qd)
འདི་ནི་རྒྱབ་ངོས་ཀྱི་པར་རིས་ཡིན།
འདི་ནི་རྒྱབ་ངོས་ཀྱི་པར་རིས་ཡིན།