འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་12ཉིན།

༄༅།།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་ནི་
བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བའི་འགན་ལེན་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་12ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

                                                                       བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ།
                                                                                                                       རག་སྡིས།
   2021ལོ་ནི་སྤྱིར་བཏང་མ་ཡིན་ཞིང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། རྒྱལ་ཡོངས་ཁྱོན་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་བརྗིད་ཆེའི་འཆར་གཞི་འགོ་ཚུགས་པ། མི་རིགས་ཁག་གི་མི་དམངས་རྣམས་ཏང་གི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་གསར་པར་རྒྱལ་ཁའི་ངང་སྐྱོད་པ་བཅས་ཀྱི་སྐབས་འདིར། ང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུས་ཡོད།
    1951ལོའི་ཟླ་5ཚེས་23ཉིན“གྲོས་མཐུན་དོན་ཚན་བཅུ་བདུན”བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་བཏོད་པ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་དེས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོ་བ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་གཏོང་བ། བོད་ཀྱི་མི་དམངས་ལ་ཚེ་སྲོག་གསར་པ་ཐོབ་པར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་བཅས་ལ་འོད་སྟོང་འབར་བའི་མདུན་ལམ་བཏོད་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནི་བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་རེ་འདུན། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པར་བརྟེན་ནས་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱས་པའི་འོད་སྟོང་འཕྲོ་བའི་དཔེ་མཚོན་བཅས་རེད། ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་དུ་དཔུང་སྐྱོད་དང་། ཞི་བའི་བཅིངས་འགྲོལ། ངོ་ལོག་ཟིང་འཁྲུག་ཞོད་འཇགས། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ལམ་གསར་པ་གཏོད་པ་སོགས་ལོ་རྒྱུས་ཀྱི་དུས་མཚམས་ཁག་བརྒྱུད་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་བཅས་ཀྱི་འཛུགས་སྐྱོང་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་མི་རིགས་ཁག་གི་མི་དམངས་རྣམས་སྔར་འབྱུང་མྱོང་མེད་པའི་འཚོ་བ་ཧ་ཅང་སྐྱིད་པོ་ཞིག་སྐྱེལ་བ་དང་། བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་ལ་རླབས་ཆེན་གྱི་མཆོང་སྐྱོད་བྱུང་ཡོད། ཏང་གི་སློབ་གསོ་ཐོབ་ནས་ཚེ་གང་གསོ་སྐྱོང་གནང་བ་དང་ཚེ་གང་བོད་དུ་ལས་ཀ་བྱས་པའི་ཏང་གི་མི་རིགས་ལས་བྱེད་པ་ཞིག་གི་ངོས་ནས་ཏང་གི་འགོ་ཁྲིད་འོག་བོད་ཀྱི་ལོ་ངོ་70ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་འགྱུར་ལྡོག་ཆེན་པོར་ང་རང་སྤོབས་པ་ཚད་མེད་སྐྱེ་ཡི་འདུག
    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་ཁག་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་ཁག་གི་རོགས་སྐྱོར་ཤུགས་ཆེན་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། “འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། “སྤྱི་ཡོངས་གཉིས”སེམས་ལ་ངེས་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་བསམ་བློར་གཡོ་འགུལ་མི་གཏོང་མཐའ་འཁྱོངས། དཀའ་སྤྱད་འབད་འཐབ་དང་། དོན་འཁྱོལ་ལ་དམ་འཛིན། ཡར་རྒྱས་ལྷུར་ལེན་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། དམངས་སེམས་དང་དམངས་འདོད་གཅིག་སྒྲིལ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་ཡོལ་སྐྲུན་པ་དང་། མཐའ་དར་མཐའ་བརྟན་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད། དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་པ་བཅས་བྱས་པས། ལྗོངས་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་དང་ཏང་འཛུགས་སྐྱོང་སོགས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
   ད་ཆའི་བོད་ལྗོངས་གསར་པའི་སྤྱི་ཚོགས་བརྟན་ལྷིང་གི་དུས་བབ་ཡག་པོ་འདི་འདྲ་སྔར་འབྱུང་མྱོང་མེད། ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་ལ་འཛིན་པའི་ངོ་བོ་གཏན་འཁེལ་དང་འཐབ་རྩོད་བྱེད་ཕྱོགས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱས་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བས། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་ཁྲིམས་ལྟར་འགན་སྲུང་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་འདི་འདྲ་སྔར་འབྱུང་མྱོང་མེད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་ན་མེད་པའི་རྒྱ་ཁྱབ་དང་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ནུས་ཧ་ཅང་ཆེ་རུ་ཕྱིན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་འདི་འདྲ་སྔར་འབྱུང་མྱོང་མེད། 2020ལོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་ལོ་ངོ་70ཡི་གོང་ལས་ལྡབ་321.5འཕར་བ་དང་བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1ཡིན་པ་དེ་1951ལོའི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ལས་ལྡབ་གཅིག་འཕར་ཡོད། སློབ་གསོ་དང་། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། འགྲིམ་འགྲུལ། འཕྲིན་གཏོང་། ནུས་རྒྱུ་སོགས་བྱ་གཞག་ཁག་ཚང་མར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་རླབས་ཆེན་འདི་འདྲ་ཐོབ་པ་སྔར་འབྱུང་མྱོང་མེད། བོད་ཀྱི་རྫོང་དང་ཆུས་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་གྲོལ་ཐུབ་ནས་བོད་དབུལ་པོ་དབུལ་ནག་གི་གནས་ལས་རྦད་དེ་བསྒྲལ་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱར་གང་ཡང་མེད་པའི་དབུལ་པོ་དབུལ་རྐྱང་གི་འཚོ་བ་དང་བསྡུར་ན་དངོས་གནས་་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་པ་འདི་ནི་མི་རིགས་ཁག་གི་མང་ཚོགས་ཀྱིས“གཉིད་ལམ་ལྟ་བུའི་འཚོ་བ་སྐྱེལ་བས་སེམས་གཏིང་ནས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ། ནམ་ཡང་གུང་ཁྲན་ཏང་གི་རྗེས་སུ་འབྲང་གི་ཡིན”ཞེས་བརྗོད་པ་ལྟར་རེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེན་པོ་འདི་འདྲ་སྔར་འབྱུང་མྱོང་མེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་བྱེད་ཐབས་ལ་རྒྱུན་མཐུད་ཤུགས་སྣོན་ཐེབས་པ་དང་ཕན་འབྲས་རྒྱུན་མཐུད་ཐོན་ཏེ། ད་ཆའི་བོད་ནི་སྔར་བཞིན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། གཙང་པོ་དང་མཚོ་གཙོ་བོ་ཚང་མའི་ཆུའི་སྤུས་ཚད་རིགས་Ⅲཡན་ཟིན་པ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.4%ཟིན་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་དཔྱད་ཞིབ་ལ་རྒྱལ་ཡོངས་ཀྱི“ཕུལ་བྱུང”ཐོབ་པ། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་སྲོལ་ཡིག》གིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད། མཐའ་དར་མཐའ་བརྟན་གྱི་ཕན་འབྲས་བཟང་པོ་འདི་འདྲ་སྔར་འབྱུང་མྱོང་མེད། དམག་སྡོད་དམངས་བདེ་མཉམ་སྤེལ་དང་མཐའ་དར་མཐའ་བརྟན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས། ཚད་གཞི་མཐོ་པོས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་600ལྷག་ཙམ་བསྐྲུན་པས། མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཏེ། མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་རྣམས་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་རྩ་བ་ཚུགས་ནས་རྒྱལ་མཚམས་དང་དུས་བདེ་སྲུང་བཞིན་ཡོད།
    དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས། བོད་གསར་རྙིང་སྤྱི་ཚོགས་ཀྱི་རླབས་ཆེན་འཕོ་འགྱུར་གྱི་བདེན་དཔང་བ་དང་། བརྒྱུད་མྱོང་མཁན། དེར་ཞུགས་མཁན་གྱི་གྲས་ཀྱི་ངོས་ནས། ངས་དེང་བལྟས་སྔ་དྲན་ཐུབ་ཀྱི་འདུག་ལ་ཚོར་སྣང་ཡང་ཟབ་མོ་སྐྱེས་བྱུང་། ངས་ལོ་བཅུ་ཕྲག་ཁ་ཤས་རིང་ལས་ཀ་བྱས་པའི་ལག་ལེན་དངོས་དང་མྱོང་ཚོར་དངོས་ཚིག་དུམ་ལྔ་ལ་ཕྱོགས་བསྡོམས་བྱས་ན། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་ཡོད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ཅིང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་འཐོབ་མི་སྲིད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་མེད་ན། མཐའ་སྐྱོང་བོད་བརྟན་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་མི་སྲིད་པ་དང་། བོད་ཀྱི་ད་ཆའི་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་དུས་བབ་བཟང་པོ་དང་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་གི་མཛེས་སྡུག་ལྡན་པའི་འཚོ་བ་ཡོང་མི་སྲིད་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང་། དེ་ཡང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་སྐབས་རིམ་བྱུང་གི་མཐུན་སྒྲིལ་སྣེ་ཁྲིད་འོག་དཀའ་སྤྱད་འབད་འཐབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པའི་འབྲས་བུ་རེད།
   བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་སྐབས་འདིར། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ཡང་ཡང་དང་ནན་ཏན་བྱས་པ་དང་། རང་ཉིད་ཀྱིས་ལོ་བཅུ་ཕྲག་ཁ་ཤས་རིང་བོད་དུ་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ལས་དོན་བསྒྲུབས་པའི་ཉམས་མྱོང་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་ངེས་པར་དུ་གཤམ་གསལ་ཕྱོགས་འགའ་མཐའ་འཁྱོངས་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་།
   1.ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་ཀྱི་ལས་དོན་མཐའ་དག་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། “སྤྱི་ཡོངས་གཉིས”ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གསར་རྐྱང་འོག་བོད་ཀྱི་ལས་དོན་ལའང་དུས་བབ་དང་། ཁྱད་ཆོས། ལས་འགན་བཅས་གསར་པ་ཕྲད་ཡོད། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་གཅིག་ཏུ་བརྟན་པོ་འཛུགས་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཆེ་རུ་གཏོང་དགོས། དེ་ནི་ང་ཚོས་ལས་དོན་ཡོད་དོ་ཅོག་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས་ལྷོད་གཡེང་དང་ཡོ་གཏན་ནས་མི་ཤོར་བ་བྱེད་དགོས།
    2.ངེས་པར་དུ་ཏང་གིས་བོད་ཀྱི་ལས་དོན་མཐའ་དག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཤུགས་སྣོན་རྒྱག་དགོས། ལོ་ངོ་70ཡི་ལོ་རྒྱུས་དང་ལག་ལེན་ལས་ཏང་གི་འགོ་ཁྲིད་ནི་བོད་ཀྱི་ལས་དོན་གྱི་རྩ་བའི་འགན་ལེན་ཞིག་དང་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བའི“མཚོ་རྟེན་ཀ་བ”ལྟ་བུ་ཡིན་པ་ར་འཕྲོད་ཡང་ཡང་བྱུང་ཡོད། ཆུ་འཐུང་དུས་ཆུ་འགོ་དྲན་པར་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་ནི་ལོ་རྒྱུས་དཔྱད་གཞིར་འཛིན་པའི་ལོ་རྒྱུས་ཀྱི་བདེན་དོན་ཞིག་རེད་ལ། ང་ཚོས་སྔ་འཛིན་ཕྱི་གཏོད་དང་མུ་མཐུད་འབད་འཐབ་བྱེད་པའི་རྩ་བའི་འགན་ལེན་ཞིག་དེ་བས་ཀྱང་རེད།
    3.ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་མཐའ་འཁྱོངས་བྱེད་དགོས། ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་བླང་བྱ་ལྟར། འཐབ་རྩོད་ཀྱི་སྙིང་སྟོབས་དང་། འཐབ་རྩོད་ཀྱི་བསམ་བློ། འཐབ་རྩོད་ཀྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མུ་མཐུད་ཕྱོགས་སོ་སོ་ནས་དོགས་ཟོན་ཆེར་བསྐྱེད་དང་གྲ་སྒྲིག་ཨང་བསར་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་རྣོ་ངར་དང་རྙོག་འཛིང་ཆེ་བའི་འཐབ་རྩོད་གང་རུང་ཞིག་ལས་རྣམ་པར་རྒྱལ་བའི་གྲ་སྒྲིག་བྱེད་དགོས།
    4.ངེས་པར་དུ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ལོ་ངོ་70ཡི་ལོ་རྒྱུས་ཀྱི་འཕེལ་རིམ་གྱིས་བོད་ལྟ་བུའི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་འདི་འདྲ་ཞིག་ལ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་སྤུན་ཟླ་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་མེད་ཚེ་བྱ་བ་གང་ཡང་སྒྲུབ་མི་ཐུབ་ལ་བྱ་གཞག་ཁག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་བས་ཀྱང་འཐོབ་མི་སྲིད་པ་གསལ་བཤད་བྱེད། ལོ་ངོ་70ཡི་རིང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་མཛུབ་ཁྲིད་འོག་མི་རིགས་ཁག་གི་མི་དམངས་ཀྱིས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཏེ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་དང་གཏིང་ཟབ་བྱས་པ་བརྒྱུད་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྐུལ་འདེད་བཏང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གི་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད།
   5.ངེས་པར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་མཐའ་འཁྱོངས་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཆོས་ལུགས་ལས་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། ཆོས་ལུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་སྐབས་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
   6.ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མཐའ་འཁྱོངས་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ངོས་འཛིན་གཏིང་ཟབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་སྟངས་འཛིན་ཡང་དག འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་མཐའ་འཁྱོངས་བརྩི་བ། ཐམས་ཅད་མི་དམངས་ཀྱི་ཆེད་དང་། ཐམས་ཅད་མི་དམངས་ལ་རྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཐམས་ཅད་མི་དམངས་ལ་ལོངས་སུ་སྤྱོད་དུ་འཇུག་པ་མཐའ་འཁྱོངས་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
   7.ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་ བའི་ལེགས་སྐྱེས་ཆེ་ཤོས་རེད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ནུས་ཤུགས་ཡོད་རྒུས་ཡག་པོ་བྱས་ནས་མཚོ་བོད་ས་མཐོ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས།
   8.ངེས་པར་དུ་བྱང་ཚད་མཐོ་བའི་མི་རིགས་ཁག་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་སྣ་ཚོགས་འཛུགས་སྐྱོང་མཐའ་འཁྱོངས་བྱེད་དགོས། བོད་དུ་དཔུང་སྐྱོད་དང་ཞི་བས་བཅིངས་འགྲོལ་བཏང་བ་ནས་འགོ་བཙུགས་ཏེ། མི་རབས་ནས་མི་རབས་བར་བོད་དུ་ལས་ཀ་བྱེད་པར་སྐྱོད་མཁན“བོད་སྐྱོད་པ་རྒན་གྲས”ཚོས་བོད་དུ་གཞི་ཚུཌ་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ཏེ། དམིགས་བསལ་གྱི་རང་བྱུང་ཁོར་ཡུག་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་དང་། རྣོ་ངར་དང་རྙོག་འཛིང་ཆེ་བའི་འཐབ་རྩོད་དུས་བབ་ཀྱི་མདུན་དུ་བསམ་མི་ཕོད་པའི་དཀའ་ངལ་ཆེན་པོ་སྣ་ཚོགས་ཁྱད་དུ་བསད་དེ“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས་ཀྱི་སྙིང་སྟོབས”བཏོད་ནས། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། མཐའ་སྲུང་སྲ་བརྟན། བོད་ཀྱི་མི་དམངས་ཡར་ལངས་བཅིངས་འགྲོལ་དང་རང་ཁྱིམ་རང་བདག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་བཅས་ཀྱི་ཆེད། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་བཏོན་ཡོད།
   9.ངེས་པར་དུ་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི“དད་སེམས་བརྟན་པོ་དང་། དམངས་ལ་ཞབས་འདེགས། སྲིད་བརྩོན་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང”བཅས་ཀྱི་ཚད་གཞིར་གཞིགས་ནས་ཏང་དང་མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པ་མཐའ་འཁྱོངས་བྱས་ཏེ། “འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། བྱ་སྤྱོད་དངོས་དང་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དགའ་ཞེན་ཚད་མེད་བྱེད་པ་ལག་ལེན་དུ་འཁྱོལ་བར་བྱེད་དགོས།
   བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་དང་། གསར་འབྱེད་ཡར་བརྩོན། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ལ་རྒྱལ་ཁ་གསར་པ་འཐོབ་ངེས་ཡིན་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།   བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ།

   བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་དང་། གསར་འབྱེད་ཡར་བརྩོན། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ལ་རྒྱལ་ཁ་གསར་པ་འཐོབ་ངེས་ཡིན་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།