འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་11ཉིན།

༄༅།།མི་འདི་དག་གིས་ཉིན་10རེ་ལ་ཉིང་སྐྱུར་ཞིབ་དཔྱད་ཐེངས་རེ་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་11ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་10ཉིན། པེ་ཅིང་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གློ་ཚད་འགོག་བཅོས་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་237པའི་ཐོག  པེ་ཅིང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཨང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་དེས་སྤྱི་པའི་འགྲིམ་འགྲུལ་ལས་གཉེར་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་ཐེངས་མང་དུ་བཏང་ཡོད། 
    ཉེན་ཁ་ཆེ་བའི་ས་ཁུལ་བརྒྱུད་པའི་ལམ་ཐིག་གི་ས་ངོས་སྤྱི་སྤྱོད་རླངས་འཁོར་གྱི་ལས་དོན་མི་སྣས་གཟའ་འཁོར་རེར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས་པ་དང་། ལམ་ཐིག་གཞན་དག་ཏུ་གཟའ་འཁོར་གཉིས་རེར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས་པ། ས་འོག་ལྕགས་ལམ་གྱི་འཐབ་ས་དང་པོའི་ལས་དོན་མི་སྣས་གཟའ་འཁོར་རེར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་པ། 
གླ་འཁོར་དང་དྲ་འབོད་རླངས་འཁོར་ཁ་ལོ་བས་ཉིན་བཅུ་རེར་ཉིང་སྐྱུར་ཞིབ་བཤེར་ཐེངས་རེ་བྱེད་དགོས་པ་ཁ་གསལ་གཏན་འཁེལ་བྱས་འདུག