འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་11ཉིན།

༄༅།།ཡུལ་འདིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་གང་མགྱོགས་ཕྱིར་འཐེན་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་11ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་ཆར། ནི་ཀྲེ་རི་ཡ་ཡི་པོའར་ནུའོ་དང་། གཡོད་པེ། ཨ་ཏ་མ་ཝ། ནི་ཀྲེ་ར། ཁ་ཏུའུ་ན། ཨའོ་ཤུན། པེ་ནུའུ་ཨའེ་སོགས་ས་ཁུལ་དུ་ཕྱི་རྒྱལ་དང་ས་གནས་དེ་གའི་སྤྱི་དམངས་ལ་དམིགས་པའི་དྲག་ཆས་བཙན་ཁྲིད་དང་འཇབ་རྒོལ་སོགས་བདེ་འཇགས་ཀྱི་གྱོད་གཞི་ཚབས་ཆེན་གཅིག་རྗེས་གཉིས་མཐུད་ངང་ཐོན་པས། བདེ་སྲུང་དུས་བབ་དེ་བས་རྙོག་འཛིང་ཆེ་རུ་ཕྱིན་ཡོད། གལ་ཏེ་ཀྲུང་གོའི་སྤྱི་དམངས་ཕྱི་རོལ་ལམ་ཡང་ན་ཉེན་ཁ་ཆེ་བའི་ས་ཁོངས་གཞན་དག་ཏུ་གནས་སྡོད་བྱས་ཚེ་བཙན་ཁྲིད་དང་འཇབ་རྒོལ་བྱ་ཡུལ་དུ་འགྱུར་སྲིད། 
   ནི་ཀྲེ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གོང་གསལ་གྱི་ས་ཁུལ་ཁག་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་དོགས་ཟོན་དང་འཕྲལ་སྡོམ་གྲ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁའི་ས་ཁོངས་ནས་གང་མགྱོགས་ཕྱིར་འཐེན་བྱེད་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན།
   འཕྲལ་མྱུར་འབྲེལ་གཏུག་ཁ་པར།
   ནི་ཀྲེ་རི་ཡའི་ཉེན་བརྡའི་ཁ་པར་ཨང་གྲངས། 911 
   ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་ཁེ་སྐྱོང་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར།(ཆུ་ཚོད་24) 
   +86-10-12308
   +86-10-59913991
   ནི་ཀྲེ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཁེ་སྐྱོང་སྲུང་སྐྱོང་དང་གཞོགས་འདེགས་ཁ་པར་ཨང་གྲངས། 08065842688 
   ལ་ཀོ་སིར་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཁེ་སྐྱོང་དང་གཞོགས་འདེགས་ཁ་པར་ཨང་གྲངས། 08056666116