འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་11ཉིན།

༄༅།།རང་སྲོག་བློས་གཏོང་མི་དམངས་བདེ་ལ་འཁོད། དཔའ་བོའི་མཛད་རྗེས་བསྐལ་བརྒྱའི་བར་དུ་གནས།

—— “བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག”གི་རྗེས་ཤུལ་འཚོལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་11ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
མངའ་རིས་ས་ཁུལ་གྱི་མཛེས་ལྗོངས།
མངའ་རིས་ས་ཁུལ་གྱི་མཛེས་ལྗོངས།
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེང་ཧུང་པིང་དང་། ནོར་བུ་ཚེ་རིང་། ཀྲའེ་ཡུང་ཀོན།
    ལོ་71གི་གོང་དུ། བོད་ལྗོངས་མངའ་རིས་ས་ཁུལ་ལ་བཅིངས་འགྲོལ་གཏོང་བའི་ལས་འགན་གྲུབ་ཆེད། རྒྱ་རིགས་དང་། བོད་རིགས། ཡུ་གུར་རིགས། སོག་རིགས་སོགས་མི་རིགས་7གྱི་འཐབ་འཛིང་པ་130ལྷག་ཙམ་ལས་གྲུབ་པའི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གིས་ཤིན་ཅང་ཡུས་ཐེན་ནས་རྡོག་ཐོན་བྱས་ཏེ་མི་རྣམས་ཧང་སངས་དགོས་པའི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ལམ་ཐག་ལེ་དབར་སྟོང་ཕྲག་བརྒལ་ཏེ་ཁུ་ནུ་རི་བོ་དང་གངས་ཏི་སི་རི་བོ་འཕྲེད་བཅད་ཀྱིས་བོད་ཀྱི་ནུབ་བྱང་ས་མཐོར་རྒྱལ་ཁའི་ངང་དཔུང་སྐྱོད་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད།
   དཔུང་སྡེ་དེས“རྒྱང་སྐྱོད་རྗེས་ཀྱི་དཀའ་སྡུག་ཆེ་ཤོས་མྱངས་པ་དང་དཔའ་བོའི་རིང་ལུགས་ཀྱི་ཉམས་འགྱུར་ཆེ་ཤོས་མངོན་པར་བྱས་ཡོད” “འཛམ་གླིང་ཡང་རྩེའི་ཡང་རྩེར”དཔུང་སྐྱོད་ནས་བཅའ་སྡོད་བྱས་པའི་བར་གྱི་དུས་ཐུང་ལོ་གཅིག་གི་རིང་དམག་མི་63གྱིས་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ཡོད།
    ལོ་71སོང་རྗེས་ཀྱི་ད་ཆ། སྔོན་སྐྱོད་ལེན་ཤོག་གི་དཔའ་བོའི་རྗེས་སྙེགས་ནས་སྐྱོད་སྐབས། “ངའི་ཚེ་སྲོག་བློས་བཏང་ནས་མེས་རྒྱལ་དང་མི་དམངས་བློ་ཕམ་མི་ཡོང་བ་བྱེད་ཀྱི་ཡིན”ཞེས་པའི་སྐད་ཆ་དུམ་བུ་དེ་ལས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་།
    1950ལོར། སྔོན་སྐྱོད་ལེན་ཤོག་དེ་ཉིད་སྐབས་དེ་དུས་ནུབ་བྱང་གི“ཉམས་སད་ཐེག་ཤོས་དང་། དཀའ་སྡུག་བཟོད་ཤོས། འཐབ་འཛིང་དྲག་པོ་རྒྱག་མཁས་ཤོས་བཅས་ཀྱི་དཔང་སྡེ”ཡིན་པའི་ངོས་ནས་ཤིན་ཅང་གི་ཡུས་ཐེན་རྫོང་ཕུའུ་ལུའུ་གྲོང་ཚོ་ནས་རྡོག་ཐོན་བྱས་ཏེ“ཤིན་ཅང་ནས་བོད་དུ་དཔུང་སྐྱོད”ཀྱི་ལས་འགན་ཕྲག་ཏུ་ཁུར།
    དེ་ནི་ཅི་འདྲའི་ཟིལ་རྔམ་ཆེ་བ་ཞིག་རེད་ཨང་། རྟ་དམག་ཧྲི་ཤོག་ཡོངས་ཀྱི་སྒྲིག་ཆས་དང་། སྐད་སྒྱུར། སྨན་བཅོས་སོགས་ཆེད་ལས་ལས་བྱེད་པ་ཡག་ཤོས་སྔོན་སྐྱོད་ལེན་ཤོག་ཏུ་བཏང་ནས“བོད་ལ་དཔུང་སྐྱོད་ཆེ་མོ་བྱེད་པ”ཞེས་པའི་དར་ཆའི་འོག་འཐབ་འཛིང་པ་ཚོ་དམག་རྟ་བཞོན་ནས་ཟིལ་རྔམ་ཤིན་ཏུ་ཆེ།
   བཅིངས་འགྲོལ་དམག་འཁྲུག་གི་ཁྲོད་དུ་བྱས་རྗེས་ཐེངས་མང་བཞག་མྱོང་བའི་གུང་ཁྲན་ཏང་ཡོན་པན་ཀྲང་ཡུས་ཧུང་གིས་ཚེ་སྲོག་གི་མཇུག་མཐའི་ཟླ་བ་གཅིག་ནང་དཔའ་ངར་ཆེན་པོས་ནད་གཞི་དང་འཐབ་རྩོད་བྱས་ཤིང་། མ་གྲོངས་གོང་ཡུས་ཧུང་གིས་པན་ཀྲང་གཞོན་པར“ང་ཤི་རྗེས་ཁྱེད་ཀྱིས་པན་ཤོག་འདི་ཡག་པོ་ཁྲིད་ནས་བོད་བཅིངས་འགྲོལ་གཏོང་བའི་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱེད་རོགས”ཞེས་བཤད།
    “འདི་ནི་ངའི་ཏང་དངུལ་ཡིན། ཏང་ལ་འབུལ་རོགས”ཞེས་ཁོང་གིས་ལུས་ལ་རྡ་ཡང་བཞི་རང་ཡོད་པ་དེ་བཏོན་ནས་ཁ་ཆེམས་དང་སྦྲགས་དེ་ལྟར་བཤད།
    དཀའ་ཚེགས་ཆེ་ཤོས་ཀྱི་སྐབས་སུ། ནད་གཞི་ཇེ་སྡུག་ཏུ་སོང་བའི་ལི་ཏི་སན་གྱིས“སྔོན་སྐྱོད་ལེན་ཤོག་ལ་མི་གཅིག་ལས་མ་ལྷག་ནའང་ལྕགས་གཟེར་བཞིན་དུ་མངའ་རིས་ཀྱི་ས་གཞི་ཆེ་མོར་བཙུགས་དགོས”ཞེས་བཤད་ཅིང་། ཁོང་གིས་ཏང་ཡོན་གྱི་ཚོགས་ཆེན་ཐོག་དབུགས་ཀྱི་རྒྱུ་བ་ཆད་ཀྱི་ཡོད་ནའང་དགོད་འཚེར་འཚེར་ངང་འཇིག་རྟེན་ལས་བྲལ་དགོས་པའི་གྲོས་འགོ་བཏོན།
    ད་ཆ། གྲ་མ་མང་པོར་བྱེ་རླུང་སྔར་བཞིན་དྲག་པོ་ལྡང་ནའང་དཔའ་བོའི་མཛད་རྗེས་རྡོ་རིང་ཉམས་པ་མེད་པར་འགྱིང་ངེར་གནས་ཡོད། དུས་རབས་20པའི་ལོ་རབས་70ནས་བཟུང་། བོད་ཀྱིས་སྔོན་སྐྱོད་ལེན་ཤོག་གི་བྱས་རྗེས་དང་སྙིང་སྟོབས་བཙལ་འཚོལ་རྒྱུན་འཛིན་བྱེད་པའི་རྒྱུན་ཆད་མྱོང་མེད་ཅིང་། དཔའ་བོ་ཚོས་འཐབ་འཛིང་བྱས་པའི་ཤུལ་དུ་ད་ཆ་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དྲན་གསོའི་རྡོ་རིང་དང་དྲན་གསོ་ཁང་བསྐྲུན་ཡོད་པ་དང་། འདི་གར་ཉིན་ལྟར་གསལ་བཤད་དང་རྒྱུན་འཛིན་དང་། གུས་མཇལ་དང་རྗེས་དྲན་བྱེད་ཀྱི་ཡོད།
    སྔོན་སྐྱོད་ལེན་ཤོག་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བོད་སྐྱོད་དཔུང་སྡེ་དང་པོ་དེ་རེད།
    1950ལོའི་ཟླ་9ཚེས་9ཉིན། སྔོན་སྐྱོད་ལེན་ཤོག་མངའ་རིས་སྒེར་རྩེའི་ས་ཁོངས་སུ་འབྱོར་ཞིང་། བྲག་ཕུག་གྲོང་ཚོ་དེ་ཉིད་ཞི་བས་བཅིངས་འགྲོལ་བཏང་བའི་བོད་ཀྱི་ས་ཆ་དང་པོར་གྱུར་ནས་སྐར་ལྔའི་དར་དམར་བཙུགས།
    སྐྲ་ལོ་དུང་ལྟར་དཀར་བའི་བྲག་ཕུག་གྲོང་ཚོའི་རྒད་པོ་བཀྲ་རིས་གསར་འགོད་པར་སྔོན་སྐྱོད་ལེན་ཤོག་གི་འདས་སོང་བརྗོད་སྐབས“སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པས་ངའི་སྒྱུག་པོའི་ས་ནས་ལུག་ཉོ་སྐབས། ངའི་སྒྱུག་པོས་ཁོང་ཚོར་སྟེར་དགོས་བསམས་ཀྱང་ཁོང་ཚོས་མོས་མཐུན་གཏན་ནས་མ་བྱས་པར་རྡ་ཡང་11བཞག་འདུག”ཅེས་བཤད།
    བཅའ་སྡོད་བྱས་རྗེས། འཐབ་འཛིང་པ་ཚོས་མང་ཚོགས་ཀྱི་ལས་དོན་གཙོ་བོར་བསྒྲུབས་ཤིང་། ཁོང་ཚོས་མང་ཚོགས་ལ་ཕྱུགས་འཚོ་རོགས་དང་། དཀའ་ངལ་ཡོད་པའི་འབྲོག་པར་སྐྱོབ་གསོ་སྤྲོད་པ། སྨན་རིན་མི་དགོས་པར་འབྲོག་པར་ནད་གཞི་ལྟ་རོགས་བཅས་བྱས་པ་མ་ཟད། མི་སེར་ཚོར་ཇག་པས་རྡབ་གསིགས་བཟོ་བའི་གནད་དོན་ཐག་གཅོད་ཀྱང་བྱས་པ་རེད།
    དེ་ནས་བཟུང་། ཏང་གི་ཐུགས་ཁུར་འབྲོག་པའི་སྦྲ་གུར་དུ་ཁྱབ་པ་དང་སེམས་སུ་ཟུག་ནས་གུང་ཁྲན་ཏང་གི་འོད་སྟོང་འཕྲོ་བའི་གཟུགས་བརྙན་གངས་ལྗོངས་ས་མཐོར་ཉམས་པ་མེད་པར་གནས།
    1951ལོའི་ཟླ་1ཚེས་30ཉིན། སྔོན་སྐྱོད་ལེན་ཤོག་ལ“བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག”གི་གཟི་བརྗིད་མཚན་སྙན་ཐོབ་ནས་ལེན་ཤོག་ཡོངས་ཀྱི་དཔོན་དམག་ཚང་མར་བྱས་རྗེས་ཆེན་པོ་རེ་བཀོད། ལོ་དེའི་ཟླ་6ཚེས་1ཉིན། འབྲེལ་ཡོད་སྡེ་ཚན་ནས་ལི་ཏི་སན་ལ“མི་དམངས་ཀྱི་བྱས་པ་ཅན”གྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱས།
    དེ་ལས་གལ་འགངས་ཆེ་བ་ཞིག་ནི། སྔོན་སྐྱོད་ལེན་ཤོག་གི་དཀའ་སྡུག་ལ་མི་སྐྲག་པ་དང་ཤི་རྒྱུར་མི་སྐྲག་པ་དང་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ཐམས་ཅད་བློས་གཏོང་བྱེད་པའི་སྙིང་སྟོབས་འདི་ས་མཐོར་རྩ་བ་ཚུགས་ནས་མྱུ་གུ་འབུས་ཏེ་རྗེས་རབས་པ་མི་རབས་ལ་མི་རབས་བར་ཤུགས་རྐྱེན་ཐེབས་བཞིན་ཡོད།
    “གུང་ཁྲན་ཏང་ཡོན་ཞིག་གི་བརྩེ་བ་ཆེ་ཤོས་ནི་མི་དམངས་ལ་དགའ་ཞེན་བྱེད་པ་དེ་རེད”འདི་ནི་འགོ་ཁྲིད་ལས་བྱེད་པའི་མིག་དཔེ་ཁུང་ཧྥན་སེན་གྱིས་བོད་ཀྱི་ནུབ་བྱང་དུ་བཞག་པའི་བསམ་པའི་རྒྱུ་ནོར་རེད།
   2020ལོར། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། མངའ་རིས་ས་ཁུལ་ཡང་དབུལ་པོ་དབུལ་ནག་གི་གནས་ལས་ཡོངས་སུ་བསྒྲལ་བ་དང་། སྒེར་རྩེ་སོགས་རྫོང་7ཚང་མ་དབུལ་པོའི་ཞྭ་མོ་ཕུད་པ། གྲོང་ཚོ(གྲོང་ལྷན)139ཚང་མ་དབུལ་གྲལ་ནས་དོན་པ་རེད། ཞིང་ཆེན་གཉིས་དང་ཀྲུང་དབྱང་ཁེ་ལས་གསུམ་གྱིས་མངའ་རིས་ལ་ཁ་གཏད་རོགས་སྐྱོར་བྱེད་སྐབས་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་39.61བཏང་བ་དང་། རོགས་སྐྱོར་རྣམ་གྲངས་721ཟིན་པ། མངའ་རིས་སུ་རོགས་སྐྱོར་ལ་ཡོང་མཁན་2000ལས་བརྒལ་ཡོད།
   ད་ཆའི་གྲ་མ་མང་པོར་ཤན་ཆེན་ཤང་ཞེས་མིང་བསྒྱུར་ཡོད། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཅིང་ཅིང་གིས་མི་སེར་བདེ་སྡོད་ལས་བརྩོན་བྱུང་བ་དང་། ཟས་གོས་ལ་སེམས་ཁྲལ་མེད་པ། སློབ་ཞུགས་དང་། སྨན་བཅོས། རྒན་གསོ་བཅས་ལ་འགན་ལེན་ཡོད་པས་སྐྱིད་སྣང་གིས་ཁེངས་ཡོད་ཅེས་བརྗོད།
    དཔའ་བོའི་ཁྲག་དྲོན་ཆུད་ཟོས་སུ་སོང་མེད།
   “བོད་རྙིང་པར། ཉིན་མོ་ངས་གཞིས་ཀའི་བདག་པོར་ཕྲུ་གུ་ལྟ་རོགས་དང་ཕྱུགས་འཚོ་དགོས་པ་དང་། མཚན་མོའི་ཉལ་ས་ནི་ནོར་ལུག་དང་མཉམ་དུ་རེད། ལྟོ་གྲོད་པ་རྒྱགས་པ་གཅིག་ཀྱང་ཟ་མྱོང་མེད། ད་ཆ་ཟས་གོས་སྣང་དག་མེད་ལ་རང་ཉིད་ལ་ནོར་ལུག་ཀྱང་ཡོད་པས་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་ཡར་ལངས་ཞིང་བྲན་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འཆམ་གུག་གྲོང་ཚོའི་སངས་པས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
   2019ལོའི་ཟླ་9པར། བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་དྲན་གསོ་ཁང་ཤན་ཆེན་ཤང་དུ་སྒོ་ཕྱེ་བ་རེད། དྲན་གསོ་ཁང་གི་ཐོན་སྒོར་ཡོད་པའི་དྲན་འཆར་ཟིན་དེབ་ཐོག་ལྟ་སྐོར་བ་བསྟན་འཛིན་བཀྲ་ཤིས་ཟེར་བ་ཞིག་གིས། སྔོན་སྐྱོད་ལེན་ཤོག་གི་དཔའ་བོས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་ཡོད། བློ་ཕངས་དགོས་པ་ཞིག་ལ་ཁོང་ཚོས་ད་ཆའི་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། བདེ་སྐྱིད་བཅས་ལྡན་པའི་བོད་ལྗོངས་གསར་པ་མཐོང་མེད་ལ་མཛེས་ཤིང་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཀྲུང་གོའང་མཐོང་མེད་ཅེས་བྲིས་འདུག
བྲག་ཕུག་གྲོང་ཚོའི་རྒད་པོ་བཀྲ་རིས་གསར་འགོད་པར་སྔོན་སྐྱོད་ལེན་ཤོག་གི་འདས་སོང་བརྗོད་བཞིན་པ། (2021ལོའི་ཟླ་3ཚེས་30ཉིན་པར་བླངས)
བྲག་ཕུག་གྲོང་ཚོའི་རྒད་པོ་བཀྲ་རིས་གསར་འགོད་པར་སྔོན་སྐྱོད་ལེན་ཤོག་གི་འདས་སོང་བརྗོད་བཞིན་པ། (2021ལོའི་ཟླ་3ཚེས་30ཉིན་པར་བླངས)
བོད་ལྗོངས་མངའ་རིས་སྒེར་རྩེ་རྫོང་ཤན་ཆེན་ཤང་དུ་གནས་པའི་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་།
བོད་ལྗོངས་མངའ་རིས་སྒེར་རྩེ་རྫོང་ཤན་ཆེན་ཤང་དུ་གནས་པའི་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་།
རང་ཚུགས་རྟ་དམག་ཧྲི་ཤོག་གི་ཐོན་ཤོག་དང་པོས་ཤིན་ཅང་ཡུས་ཐེན་རྫོང་ཕུའུ་ལུའུ་གྲོང་ཚོར་བོད་སྐྱོད་འགན་སྒྲུབ་དམ་བཅའི་ཚོགས་ཆེན་འཚོག་བཞིན་པ། (དཔྱད་གཞིའི་པར་རིས)
རང་ཚུགས་རྟ་དམག་ཧྲི་ཤོག་གི་ཐོན་ཤོག་དང་པོས་ཤིན་ཅང་ཡུས་ཐེན་རྫོང་ཕུའུ་ལུའུ་གྲོང་ཚོར་བོད་སྐྱོད་འགན་སྒྲུབ་དམ་བཅའི་ཚོགས་ཆེན་འཚོག་བཞིན་པ། (དཔྱད་གཞིའི་པར་རིས)
སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་130ལྷག་ཙམ་བོད་ལྗོངས་མངའ་རིས་ཕྱོགས་སུ་དཔུང་སྐྱོད་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)
སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་130ལྷག་ཙམ་བོད་ལྗོངས་མངའ་རིས་ཕྱོགས་སུ་དཔུང་སྐྱོད་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)