འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་10ཉིན།

༄༅།།འདམ་གཞུང་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་ལག་ལེན་ལ་བལྟ་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་10ཉིན། 18:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
པར་འདི་ནི་འདམ་པའི་དགྱེས་སྟོན——ཚགས་ཤའི་ཐུག་པའི་ཟ་ཁང་ཡིན།
པར་འདི་ནི་འདམ་པའི་དགྱེས་སྟོན——ཚགས་ཤའི་ཐུག་པའི་ཟ་ཁང་ཡིན། 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བར་སྐོར་ནི་བོད་ཀྱི་ཉམས་འགྱུར་དོད་པས་ཡུལ་སྐོར་པ་དག་གི་དམིགས་ཡུལ་གཙོ་བོར་གྱུར་ཡོད་ལ། ཀུན་གྱིས་དུས་ཡུན་རིང་པོའི་ལྷ་སའི་རིག་གནས་ཤེས་རྟོགས་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཀྱང་རེད། འདམ་པའི་དགྱེས་སྟོན་ཚགས་ཤའི་ཐུག་པ(གཙུག་ལག་ཁང་གི་ཡན་ལག་ཁང་)ཟ་ཁང་ཡང་དེ་གར་གནས་ཡོད།
པར་འདི་ནི་འདམ་པའི་དགྱེས་སྟོན་ཚགས་ཤའི་ཐུག་པའི་ཟ་ཁང་ཡིན། 
     “འདམ་པ”ཞེས་པ་ནི་འདམ་གཞུང་པའི་དོན་ཡིན། “དགྱེས་སྟོན”ཞེས་པ་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཞིམ་ཟས་ལ་ཟེར། ཡུལ་གཅིག་གི་ས་ཆུས་ཡུལ་དེ་གའི་མི་གསོ་སྐྱོང་བྱེད་པ་དང་། ཚགས་ཤ་དང་ནས་ནི་གངས་ལྗོངས་ས་མཐོར་འཚོ་སྡོད་བྱེད་མཁན་གྱི་ངོས་ནས་བརྗོད་ན་དྲོ་སྐྱིད་ལྡན་པའི་དྲན་འཆར་ཞིག་རེད།
     “ང་བོད་དུ་སྐྱེས་པ་དང་འཚར་ལོངས་བྱུང་བ་ཡིན། བོད་ནི་ངའི་འཚོ་བ་སྐྱེལ་ཡུལ་ཡིན། ལོ་ཤས་གོང་མེས་རྒྱལ་གྱི་ས་གནས་ཁག་ཏུ་བསྐྱོད་མོད། འོན་ཀྱང་བོད་ཀྱི་ཞིམ་ཟས་ནམ་ཡང་བརྗེད་ཐབས་མེད།”“འདམ་པའི་དགྱེས་སྟོན”ཚོང་རྟགས་ཀྱི་འགན་འཁུར་བ་ལིའུ་ཏེང་མིང་གིས་བཤད་རྒྱུར། “‘འདམ་པའི་དགྱེས་སྟོན་’དུ་སྤྱོད་བཞིན་པ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་‘ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ’དང་དེ་བཞིན་ས་གནས་དེ་གའི་ནས་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་ཀྱི་བྲོ་བ་ངོ་མ་དེ་སླར་གསོ་བྱ་ཆེད་ཡིན། 
     འདམ་གཞུང་རྫོང་ནི་བོད་ལྗོངས་དབུས་རྒྱུད་དུ་གནས་པ་དང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཟིན་ཡོད། བེད་སྤྱོད་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་937ཟིན་པ་དང་ད་ཆ་འབྲི་གཡག་མགོ་གྲངས་ཁྲི་28ཙམ་ཟིན་གྱི་ཡོད་པས་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྐྱང་པའི་རྫོང་གཅིག་པུ་དེ་རེད།
     2018ལོ་ནས་བཟུང་འདམ་གཞུང་རྫོང་གིས“རིག་གནས་ཀྱིས་སྣེ་ཁྲིད་དང་སྤུས་རྟགས་ཀྱིས་ནུས་པ་འདོན་པ”དེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་སུ་བྱས་ནས་སྣོད་བཅུད་ཐོན་ཁུངས་ཀྱི་རིན་ཐང་གཞན་སྒྱུར་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“དྭངས་གཙང་འདམ་གཞུང་”གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་།“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ”དང“7100ཡི་འཁྱགས་རོམ་གྱི་མཉེན་ཆུ”ལྟེ་བར་བྱས་པའི་ས་གཙང་ལྷད་མེད་ཐོན་ལས་ལ་སྐུལ་འདེད་ནུས་ལྡན་བཏང་། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་ཁྱབ་ཁོངས་སུ“འདམ་གཞུང་གི་ལག་ལེན་”འཚོལ་ཞིབ་བྱས་པ་རེད།
     འཆར་འགོད་ལ་གཞིགས་ན། ཉེ་ཆར། འདམ་པའི་དགྱེས་སྟོན་ཚགས་ཤའི་ཐུག་པ(གོང་དཀར་གནམ་ཐང་གི་ཡན་ལག་ཁང)ཟ་ཁང་ཡང་གཉེར་སྐྱོང་བྱེད་འགོ་ཚུགས་གྲབས་ཡོད། རྗེས་མཐུད་དུ་ད་དུང་ལྷ་སར་སྡེ་ཁུལ་ཚོང་ཁང་འགའ་ཞིག་འཛུགས་རྒྱུ་ཡིན། གཉེར་སྐྱོང་བྱེད་སྟངས་བྱང་ཆུབ་པ་དང་ཚོགས་པ་བཀོད་སྒྲིག་འཐུས་ཚང་བྱུང་རྗེས་སྤུས་རྟགས་མུ་འབྲེལ་གྱི་བྱེད་ཐབས་ཐོག་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན། ཧང་ཀྲོའུ་སོགས་གྲོང་ཁྱེར་དུ་སྤེལ་རྒྱུ་རེད། དྲ་ཐོག་ཐོན་ལས་སྦྲེལ་ཐག་གི་བྱེད་ཐབས་བརྒྱུད“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤའི”སྤུས་རྟགས་ཁྱབ་གདལ་བཏང་བས་འདམ་གཞུང་རྫོང་གི་འབྲི་གཡག་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་རམ་འདེགས་ཐུབ་ཡོད། དེ་དང་ཆབས་ཅིག་ད་དུང་ལེ་ལག་ཚང་བའི་བཟའ་བཏུང་མཁོ་སྤྲོད་ཀྱི་སྦྲེལ་ཐག་རྣམ་གྲངས་ཀྱང་ཡོད་པ་རེད། མིག་སྔར། འདམ་གཞུང་རྫོང་གིས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཐོན་ལས་དབུལ་སྐྱོར་དངུལ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ནས“ནས་ཐུག་ལྟེ་གནས་ཐབ་ཚང”གྲབས་འཛུགས་བྱེད་བཞིན་ཡོད་པ་དང་། སང་ལོར་ད་དུང་རིམ་གྱིས“ཚགས་ཤའི་ལྟེ་གནས་ཐབ་ཚང”འཛུགས་རྒྱུ་རེད།
     འདམ་གཞུང་རྫོང་ཨུའི་རྒྱུན་ཨུ་རྫོང་དཔོན་གཞོན་པ་དབྱིན་ཀྲེང་མིང་གིས“དཔལ་འབྱོར་ཐད་ཀྱི་རྩིས”འདི་འདྲ་ཞིག་བརྒྱབ་པ་སྟེ།“དེ་སྔར་མི་སེར་གྱིས་ཚགས་ཤ་འཚོང་སྟངས་ནི་སོ་སོས་བཤས་ནས་འཚོང་གི་ཡོད། ‘འདམ་པའི་དགྱེས་སྟོན’གྱི་སྤུས་རྟགས་དང་དེ་བཞིན་ལེ་ལག་ཚང་བའི་བཟའ་བཏུང་མཁོ་སྤྲོད་འབྲེལ་ཐག་བཙུགས་རྗེས‘འབྲོག་ལས་མངག་ཐོའི’བྱ་ཐབས་སྤྱད་དེ་ཁ་ཕྱོགས་གཏན་འཁེལ་གྱིས་འདམ་གཞུང་རྫོང་གི་འབྲོག་པའི་ས་ནས་ཚགས་ཤ་ཉོ་རྒྱུ་དང་འབྲེལ‘འདམ་པའི་དགྱེས་སྟོན’ཐོན་རྫས་ཀྱི་ཚད་གཞི་ལྟར་གསོ་ཚགས་བྱ་རྒྱུ་རེད” 
     ནོར་གནག་གི་ཉོ་སྒྲུབ་རིན་གོང་དེ་ཚོང་རའི་རིན་གོང་ལས་མཐོ་བར་འགྱུར་ངེས། ‘ལྟེ་གནས་ཐབ་ཚང་’རྣམ་གྲངས་ཀྱིས་ཉུང་མཐར་ཡང་མི་300ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། ཟ་ཁང་རེར་མི་2ནས་4བར་བསྡུས་ནས་ལས་ཞུགས་བྱེད་ཆོག་གི་ཡོད། སྤུས་རྟགས་མུ་འབྲེལ་གྱི་རྣམ་པ་ཆགས་རྗེས་མི་སེར་གྱིས་རང་ཉིད་ཀྱིས་ཟ་ཁང་བཙུགས་ནས་སྦྱིན་བདག་བྱས་ཏེ་ཡོང་འབབ་གསོག་ཐུབ་ཀྱི་ཡོད”ཅེས་བཤད། 
     འདམ་གཞུང་རྫོང་ལ་ད་དུང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ཡོད། གནམ་མཚོ་མདུན་ལ་ཆགས་ཅིང་གཉན་ཆེན་ཐང་ལྷ་རྒྱབ་ཏུ་ཡོད། གངས་རི་འཛེག་ས་དང་ཆུ་ཚན་མང་འདུས་ཀྱི་ཡངས་པ་ཅན་རྒྱལ་སྤྱིའི་ཆུ་ཚན་རི་འཛེག་གྲོང་རྡལ་ཆུང་གྲས་དང་། ལྷ་ས་དང་ཐག་ཉེ་ཤོས་ཀྱི་འཁྱགས་རོམ་སྤྱི་གླིང་ལྷ་སའི་ལུང་ཤུར་གྱི་འཁྱགས་རོམ་དང་པོ་དང་གངས་རི་ཐོག་མར་འཛེག་མཁན་གྱི་ཕུགས་བསམ་ལྡན་ས་རི་བོ་ལྷོ་སྟོད་དང་དབྱར་རྩྭ་དགུན་འབུའི་རིག་གནས་ཉམས་ལེན་ཁུལ་མོ་ནམ་གངས་རི་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་མང་པོ་ནི་ཡུལ་སྐོར་བྱེད་གནས་གལ་ཆེན་དག་དག་ཡིན།
     དབྱི་ཀྲེང་མིང་གིས་བཤད་རྒྱུར།“འདམ་གཞུང་རྫོང་ས་གཙང་ལྷད་མེད་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་མཉམ་འདྲེས་འཕེལ་རྒྱས་ཟམ་མི་ཆད་པར་བྱུང་ནས་རང་བྱུང་ཐོན་ཁུངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཡོད། ‘འདམ་པའི་དགྱེས་སྟོན་’སོགས་སྤུས་རྟགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་བར་བརྟེན་འདམ་གཞུང་རྫོང་གི་ཚགས་ཤ་སོགས་ཐོན་རྫས་ཟམ་མི་ཆད་པར་ཕྱིར་བསྐྱོད་དེ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ས་གཙང་ལྷད་མེད་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱ་ཐུབ་ཅིང་། དེ་ལྟར་འཁོར་རྒྱུག་བཟང་པོ་བྱུང་ཚེ་མི་སེར་ཚོར་དེའི་ཁྲོད་ནས་ཕན་པ་དེ་བས་མང་བ་ཐོབ་རྒྱུར་ཕན་པ་ཡོད།”
【1】  【2】  【3】
པར་འདི་ནི་མགྲོན་པོ་ཚོས་ཟ་ཁང་ནང་དུ་ཟ་མ་ཟ་བཞིན་པ་ཡིན།
པར་འདི་ནི་མགྲོན་པོ་ཚོས་ཟ་ཁང་ནང་དུ་ཟ་མ་ཟ་བཞིན་པ་ཡིན།