འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་9ཉིན།

༄༅།།ཧྲན་ཏུང་གིས་ཞིང་ཆེན་རིམ་པའི་ཁྱད་ལྡན་ཐོན་ལས་ཚོགས་པ་35སྐྱེད་སྲིང་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་09ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཧྲན་ཏུང་ཞིང་ཆེན་བཟོ་འཕྲིན་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ཧྲན་ཏུང་ཞིང་ཆེན་གྱིས་ཁག་གཉིས་ལ་ཞིང་ཆེན་རིམ་པའི་ཁྱད་ལྡན་ཐོན་ལས་ཚོགས་པ་ཁྱོན་35སྐྱེད་སྲིང་བྱས་པར་ཁེ་ལས་ཁྲི་3.86གཅིག་སྡུད་བྱུང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་སྒུལ་ཤུགས་ཆེན་པོ་ཞིག་གྲུབ་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ཧྲན་ཏུང་ཞིང་ཆེན་གྱིས་སྒུལ་ཤུགས་གསར་རྙིང་བརྗེ་སྒྱུར་བྱ་རྒྱུར་དམིགས་ཏེ། གྲོང་ཁྱེར་16གིས་ལེགས་བསྡུས་ཞིབ་གཉེར་ཅན་དང་ཚོགས་སྤྱི་འཕེལ་རྒྱས་གཏོང་རྒྱུ་དེ་ཐོན་ལས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ནས། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ཚོགས་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཐབས་བཏོན་ཏེ་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཐའེ་ཨན་གྲོང་ཁྱེར་ཏའེ་གཡོད་ཆུས་སུ་གནོད་མེད་ཨར་སྐྲུན་རྒྱུ་ཆའི་ཁྱད་ལྡན་ཐོན་ལས་ཚོགས་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ་དེས་ས་གནས་དེ་གའི་རྡོ་ཞོ་དང་བྲག་ཚྭ་སོགས་ཐོན་ཁུངས་ཟད་པ་དང་དེ་བཞིན་སྐྱེ་ཁམས་མ་གནས་མཐོ་དྲགས་པའི་གནད་དོན་ཐག་གཅོད་ཐུབ་ཡོད་པས། གནོད་མེད་ཨར་སྐྲུན་རྒྱུ་ཆ་ཞིབ་སྤེལ་དང་། ཐོན་སྐྱེད། བཀོལ་སྤྱོད་བཅས་ཀྱི་ཁྲོད་ནས་ཁེ་ལས་ལ་གསོན་ཤུགས་གསར་པ་རྙེད་ཡོད། ན་ནིང་གི་ལོ་མཇུག་བར། ཚོགས་པའི་ཁེ་ལས་133ལ་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་526རག་ནས་ལོ་རེར་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་110.12ཡོང་གི་ཡོད།
     “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཧྲན་ཏུང་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཁྱད་ལྡན་ཐོན་ལས་ཚོགས་པ་100ཙམ་གཏོད་རྒྱུ་ཡིན་ཞིང་། འདི་ལོའི་ཟླ་8པ་ནས་བཟུང་། ཧྲན་ཏུང་གིས་ཟླ་བ་ལྔའི་དུས་ཚོད་སྤྱད་དེ། ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་གྱི་དང་བླངས་ཞབས་ཞུ་རུ་ཁག་དང་སྤུས་རྟགས་མཐོར་གཏོང་གི་འཆད་ཁྲིད་ཚོགས་པ་སྒྲིག་འཛུགས་བྱས་ནས། ཁྱད་ལྡན་ཐོན་ལས་ཚོགས་པ་35རུ་བསྐྱོད་དེ་སྤུས་རྟགས་མཐོར་གཏོང་གི་ཇུས་གཞི་བཟོས་པ་དང་འབྲེལ“ཧྲན་ཏུང་གིས་བཟོས་པ། དྲ་རྒྱའི་བྱ་སྤྱོད”ཀྱི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་ཚོགས་པའི་ཁེ་ལས་ལ་ཐོན་རྫས་ཁྱབ་གདལ་དང་སྤུས་རྟགས་རྒྱ་བསྐྱེད་གཏོང་རོགས་བྱ་རྒྱུ་རེད།
     འདི་ལོའི་ཟླ་9པ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས་ད་དུང་ཟླ་བ་གཉིས་ཀྱི་དུས་ཚོད་སྤྱད་དེ། ཁག་དང་པོར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ཚོགས་པ་2ནས་3བར་བདམས་ཏེ། “1688”བཟོ་ལས་ཐོན་རྫས་ཆེ་གྲས་ཀྱི་ཉོ་སྒྲུབ་དང་བྲིན་ཚོང་ལས་སྟེགས་དང་རྒྱལ་ཁབ་ལས་རིགས་མཐུན་ཚོགས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། ཚོགས་པ་ཚང་མར་དམིགས་པ་དང་། རྒྱལ་ཡོངས་ལ་ཕྱོགས་ནས་གནས་གཏན་འཁེལ་གྱིས་སྣེ་འདྲེན་ཁེ་ལས་10ལས་མི་ཉུང་བ་གདན་འདྲེན་པ། ས་གནས་དེ་གའི་ཁེ་ལས་རྩེ་གྲ་100ལས་མི་ཉུང་བ་ཞུགས་རྒྱུ་སྒྲིག་འཛུགས་བཅས་བྱས་ནས་ཚོགས་པའི་ཁེ་ལས་འབྲིང་ཆུང་སྣེ་འདྲེན་ཁེ་ལས་ཀྱི་མཁོ་སྤྲོད་འཁོར་འབྲེལ་མ་ལག་ནང་ཞུགས་རོགས་བྱ་རྒྱུ་རེད།