འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་9ཉིན།

༄༅།།གོང་དཀར་གནམ་ཐང་གི་T3འབབ་ཚུགས་གཉེར་འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་09ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གོང་དཀར་གནམ་ཐང་གི་T3འབབ་ཚུགས་གཉེར་འགོ་ཚུགས།
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན། ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་གྲུ་འབབ་ཚུགས་དངོས་སུ་གཉེར་འགོ་ཚུགས་ཡོད། T3གནམ་གྲུ་འབབ་ཚུགས་གསར་པའི་མདུན་དུ་གཉེར་འགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། 
     ལྷ་ས་གོང་དཀར་གནམ་ཐང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་གནམ་ཐང་ཡིན་ཞིང་། དེས་བོད་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཁྲོད་ནུས་པ་གལ་ཆེན་ཐོན་གྱི་ཡོད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་ལྷ་ས་གོང་དཀར་གནམ་ཐང་གི་དམངས་སྤྱོད་མཁའ་འགྲུལ་གྱི་ཐོན་སྐྱེད་བྱེད་ཚད་མགྱོགས་མྱུར་འཕར་སྣོན་བྱུང་ཡོད། ལྷ་ས་གོང་དཀར་གནམ་ཐང་གི་T2གནམ་གྲུ་འབབ་ཚུགས་ནི་2004ལོའི་ཟླ་1ཚེས་1ཉིན་དངོས་སུ་གཉེར་འགོ་ཚུགས་ཡོད་ཅིང་། ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་100དང་། འགྲུལ་པ་མང་བའི་སྐབས་སུ་ཆུ་ཚོད་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1300ཟིན་ཡོད། 2019ལོའི་བར། ལྷ་ས་གོང་དཀར་གནམ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་450ལས་བརྒལ་ཡོད་པས་གནམ་ཐང་ཐོག་ཁང་གི་ཇུས་འགོད་ཤོང་ཚད་ལས་བརྒལ་ཁར། ཚད་ངེས་ཅན་ཞིག་གི་ཐོག་ནས་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་འཕེལ་རྒྱས་དང་། ས་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་འཛུགས་སྐྲུན་ལ་ཚོད་འཛིན་ཐེབས་ཡོད། 
   2016ལོའི་ཟླ་5པར། ལྷ་ས་གོང་དཀར་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་མཉམ་འབྲེལ་ཐོག་མཆན་བཀོད་བཀའ་ལན་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་བོད་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་ནང་བཅུག་པ་རེད། ལྷ་ས་གོང་དཀར་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དེ་2017ལོའི་ཟླ་12པར་དངོས་སུ་སྐྲུན་འགོ་ཚུགས་པ་དང་། ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་39.07བཏང་བ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་900དང་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་8ཀྱི་དགོས་མཁོ་སྐོང་ཐུབ་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ཆས་གཞན་དག་ཐད་ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་550ཡི་དགོས་མཁོ་སྐོང་ཐུབ་པ་མ་ཟད། དེ་བསྟུན་གྱི་གྲབས་གསོག་ཀྱང་བྱེད་ཐུབ་པ་རེད། 
   ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་གྲུ་འབབ་ཚུགས་གཉེར་འགོ་ཚུགས་པའི་ཉིན་དང་པོར། ལྷ་ས་ནས་པེ་ཅིང་བར་གྱི་བོད་ལྗོངས་མཁའ་འགྲུལ་TV9815བདེ་བླག་ངང་འཕུར་སྐྱོད་དང་པོའི་འགོ་ཚུགས་ཡོད།
【1】  【2】
༄༅།།གོང་དཀར་གནམ་ཐང་གི་T3འབབ་ཚུགས་གཉེར་འགོ་ཚུགས།