འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་9ཉིན།

༄༅།།“གསར་བརྗེའི”ཡིད་འོང་གི་ལྗང་མདོག་ཐོན་ལས་དར་ཞིང་རྒྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་09ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བོད་ལྗོངས་སྤོ་བོ་རྫོང་ཡིད་འོང་ཇ་རའི་རྣམ་པ་ཡིན་པ།
འདི་ནི་བོད་ལྗོངས་སྤོ་བོ་རྫོང་ཡིད་འོང་ཇ་རའི་རྣམ་པ་ཡིན་པ།
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུའེ་དབུན་ཤན་དང་ཁྲེན་ཧྲང་ཚའེ།
    ཡིད་འོང་གཙང་པོ་རྒྱུག་ཁུལ་ནས་གྱེན་དུ་སྤྱི་ལེ་20ལྷག་ཙམ་བསྐྱོད་ཚེ། ཡུལ་ལྗོངས་ལྟ་ན་སྡུག་པའི་བོད་ལྗོངས་སྤོ་བོ་རྫོང་ཡིད་འོང་ཤང་དུ་འབྱོར་གྱི་ཡོད།
    1951ལོའི་ཟླ་8པར། ཀྲུང་གུང་སྤོ་བོ་ཡན་ལག་ལས་དོན་ཨུ་ལྷན་དངོས་སུ་དེ་གར་བཅའ་སྡོད་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་གསར་སྦོལ་ཐོན་སྐྱེད་དང་ལམ་བཟོ་སྐྱེལ་འདྲེན་བྱས་པས་ཡིད་འོང་ལ་འཕེལ་རྒྱས་ཀྱི་དཔྱིད་ཀ་ཤར་འགོ་ཚུགས།
    “གོང་རིམ་གྱི་མཛུབ་སྟོན་གཞིར་བཟུང་། 1960ལོར་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པ་དང་རྗེས་མཐུད་དཔུང་སྡེའི་དཔོན་དམག་ཁག་གཅིག་ཡིད་འོང་དུ་བཅའ་སྡོད་བྱས་ནས་དམག་སྦོལ་ཞིང་ར་བསྐྲུན་རྒྱུའི་འགན་འཁུར་ཡོད”ཅེས་ཡིད་འོང་ཇ་རའི་ཁྲང་ཀྲང་གཞོན་པ་ཚའེ་ཁྲེང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ཞིང་རས་སི་ཁྲོན་མོང་ཏིང་ཇ་ར་ནས་སི་ཁྲོན་གྱི་ཇ་ལོ་འབྲིང་ཆུང་གི་ཇ་ཤིང་ནང་འདྲེན་བྱས་པ་དང་འབྲེལ་1963ལོར་ཚོད་འདེབས་ལེགས་གྲུབ་བྱུང་ཡོད།
    “ཕྱིས་སུ་ཡིད་འོང་ཞིང་ར་ལམ་ལུགས་སྒྱུར་བཅོས་དང་། ས་གནས་ཀྱིས་རྩིས་ལེན་བདག་སྤྲོད། ཁ་གཏད་བོད་སྐྱོར་སོགས་ཀྱི་དུས་མཚམས་མང་པོ་བརྒྱུད་མཐར་བོད་ཀྱི་ལོ་ངོ་70ཡི་འཕེལ་རྒྱས་ཀྱི་ལོ་རྒྱུས་དཔང་པོར་གྱུར་ཡོད”ཅེས་བརྗོད་པ་རེད།
    འདི་ལོ་ལོ་80ལ་སླེབས་པའི་ཡིད་འོང་ཤང་དགོན་གྲོང་གྲོང་ཚོའི་གྲོང་མི་ཡིན་ཞིང་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་སྐྱེས་པའི་བགྲེས་སོང་པོ་ཨེན་ཡིད་འོང་ཞིང་རར་ལས་ཀ་བྱེད་པ་དང་འཚོ་བ་བསྐྱལ་མྱོང་བས་སྤྱིར་བཏང་མིན་པའི་ལོ་ཟླ་དེའི་དཔང་པོ་བྱེད་ཐུབ།
   “ང་ལོ་9ལ་སླེབས་སྐབས་བཅིངས་འགྲོལ་དམག་ཐེངས་དང་པོ་མཐོང་བྱུང་། ཁོང་ཚོས་གྱོན་པའི་དམག་ཆས་ཚང་མ་གཅིག་པ་རེད་འདུག ལམ་དུ་འགྲོ་དུས་གྲུང་ཤ་དོད་པ་མ་ཟད། མི་སེར་ལ་ཧ་ཅང་ཡག་པོ་བྱེད་ཀྱི་འདུག”ཅེས་ཁོང་གིས་ཕྱིར་དྲན་བྱེད་བཞིན་བརྗོད་པ་དང་། ཁོང་གིས“1962ལོའི་དབྱར་ཁར་ང་ཡང་ཞིང་རའི་ཁོངས་མི་ཞིག་ཏུ་གྱུར་ནས། ལས་བྱེད་པ་དང་ལག་རྩལ་པའི་མཛུབ་ཁྲིད་འོག་གྲོ་སོགས་བཏབ་སྟེ་དམག་མཁོ་འགན་ལེན་ཐོག་དམངས་སྤྱོད་ལའང་སྤྱད་པ་རེད”ཅེས་བརྗོད།
    1986ལོར་ཡིད་འོང་ཞིང་ར་ས་གནས་ལ་དོ་དམ་བྱ་རྒྱུར་རྩིས་སྤྲད་པ་དང་དེ་རྗེས་ཡིད་འོང་ཇ་རར་མིང་བསྒྱུར། ལོ་གསུམ་སོང་རྗེས་པོ་ཨེན་གནས་སའི་ཇ་ལོ་ཐོན་སྐྱེད་བརྒྱ་ཤོག་ཡིད་འོང་ཤང་མི་དམངས་སྲིད་གཞུང་གི་ཁོངས་སུ་བཅུག་པ་དང་རྗེས་སུ་ཁོང་ས་གནས་ཀྱི་ལས་བྱེད་པར་གྱུར།
   ཡིད་འོང་ཇ་རར་རྡོ་དང་ཤིང་ལས་གྲུབ་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་གི་མདུན་དུ་རྡོ་རིང་ཞིག་བཙུགས་ཡོད་པ་དེའི་ངོས་སུ་བཀྲག་རྩི་དམར་པོས“དམག་དཔོན་ཐོག་ཁང”ཞེས་བྲིས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་སྐབས་དེ་དུས་ཀྱི་དམག་སྡེ་བཅོ་བརྒྱད་པའི་ཅུན་ཀྲང་དམག་དཔོན་ཀྲང་གོ་ཧྭ་བོད་དུ་བཞུགས་རིང་གི་ཕྱག་ལས་གནང་ཡུལ་དང་བཞུགས་གནས་ཀྱི་གྲས་ཤིག་རེད། “དཔུང་སྡེས་ཐོག་ཁང་10དང་ཁང་པ་ཐོག་གཅིག་མ་11བཞག་པ་དེ་ནི་ཇ་རའི་ཆེས་རྩ་ཆེ་བའི་གསར་བརྗེའི་རྗེས་ཤུལ་རེད”ཅེས་ཚའེ་ཁྲེང་གིས་བརྗོད།
   “དེ་གར་ཇ་ཤིང་སྐྱེ་ཡུན་རིང་བ་དང་། འཚོ་བཅུད་ཕུན་སུམ་ཚོགས་པ། སྤུས་ཀ་དག་པས་ཇའི་བྲོ་བ་ཞིམ་པོ་ཡོད”ཅེས་ཀོང་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཇ་ལོ་ཞིབ་འཇུག་སུའོ་ཡི་བོད་སྐྱོར་རིགས་གཅིག་མཁས་ཅན་ཧོང་ཧྭ་ལིན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ཡིད་འོང་ཇ་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྐྱེ་ལྡན་ཇ་ཐོན་སྐྱེད་རྟེན་གཞིའི་གྲས་ཤིག་རེད”ཅེས་བརྗོད།
   ཡིད་འོང་ཇ་རར་ད་ཆ་ས་ཁྱོན་མུའུ་5045ཡོད་པ་དང་སྲོལ་རྒྱུན་གྱི་བོད་ཇ་དང་ཇ་སྔོན་ཐོན་སྐྱེད་བྱེད་པ་ཕུད། ཉེ་བའི་ལོ་ཤས་རིང་གསར་སྤེལ་བྱས་པའི་ཡིད་འོང་ཇ་པ་ཏིའི་ཐོན་རྫས་བྲིན་ཁ་རྒྱུག་པོ་བྱུང་ཡོད། 2020ལོའི་ལོ་མཇུག་བར་ཡིད་འོང་ཇ་རས་ཁྱོན་ཇ་ལོ་རྒྱ་མ་ཁྲི་16.63ཐོན་སྐྱེད་བྱས་པའི་ནང་བོད་ཇ་རྒྱ་མ་ཁྲི་15.4དང་ཇ་ཞིབ་རྒྱ་མ་ཁྲི་1.23ཟིན་ནས་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་1785ཟིན་ཡོད།
    ཡིད་འོང་མཚོ་བསྐོར་ནས་སྐྱོད་ཚེ་ཕར་ངོགས་ཀྱི་ཡིད་འོང་ཤང་ཐང་ལྕགས་གྲོང་ཚོར་སླེབས་ཀྱི་འདུག དེར་ལོ་54ལ་སླེབས་པའི་བསོད་ནམས་ཚེ་རིང་གིས་རང་ཁྱིམ་གྱི་ས་ཁྱོན་མུའུ་2ཀྱི་སུར་པན་ལ་ལུད་རྒྱག་བཞིན་འདུག ཁོང་གིས་ཞིང་ཁའི་རྣང་མའི་སྟེང་བསྡད་དེ་གསར་འགོད་པ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་འགོ་ཚུགས།
   “སུར་པན་བཏབ་ན་ལོ་རེར་ཡོང་འབབ་སྒོར་ཁྲི་1དང་པད་ཁ་བཏབ་ན་ལོ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་རག་གི་འདུག”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་བསོད་ནམས་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས“ལོ་དེ་དག་ནང་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་སྐྱེ་དངོས་འདེབས་པའི་ཧུར་སེམས་ཆེ་རུ་ཕྱིན་ནས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད། མིག་སྔར་གྲོང་ཚོས་ད་དུང་ས་ཞིང་ཁག་གཅིག་ཤང་མཉམ་ལས་ཁང་དང་ཁེ་ལས་ལ་བརྒྱུད་བཤུག་བྱས་ནས་ཇ་ཤིང་འདེབས་འགོ་ཚུགས་ཡོད”ཅེས་བརྗོད།
    ཡིད་འོང་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཅ་ཧྥང་ལིས་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཤང་ཡོངས་སུ་སུར་པན་མུའུ་310ལྷག་ཙམ་བཏབ་པ་དང་། ཇ་ཤིང་འདེབས་ཁྱོན་མུའུ་5386ཟིན་ནས་2020ལོ་ཁོ་ནར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་800ཙམ་བྱུང་ཡོད། ཕྱིས་སུ་ཡིད་འོང་གིས་གསར་བརྗེའི་ཐོན་ཁུངས་དང་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་ལྗང་མདོག་ལེགས་ཆའི་ཐོན་ལས་དང་ཡུལ་སྐོར་ལས་རིགས་སོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “གངས་ལྗོངས་ས་མཐོའི་ཇ”དང“གསར་བརྗེའི་ཡིད་འོང”གི་མིང་བྱང་སྔར་བས་སྐད་གྲགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
འདི་ནི་བགྲེས་སོང་པོ་ཨེན་རང་ཁྱིམ་གྱི་སྒོ་རའི་ནང་བསྡད་ཡོད་པ།
འདི་ནི་བགྲེས་སོང་པོ་ཨེན་རང་ཁྱིམ་གྱི་སྒོ་རའི་ནང་བསྡད་ཡོད་པ།
འདི་ནི་ཡིད་འོང་ཤང་ཐང་ལྕགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་གིས་མེ་ཁ་གསོ་བཞིན་པ།
འདི་ནི་ཡིད་འོང་ཤང་ཐང་ལྕགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་གིས་མེ་ཁ་གསོ་བཞིན་པ།
འདི་ནི་ཡིད་འོང་ཇ་རར་ལས་བཟོ་བས་ཇ་བག་ཆུང་བཟོ་བཞིན་པ།
འདི་ནི་ཡིད་འོང་ཇ་རར་ལས་བཟོ་བས་ཇ་བག་ཆུང་བཟོ་བཞིན་པ།