འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་6ཉིན།

༄༅།།ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོ་ལ་བསྟོད་པ་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་06ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོས་ཕྱི་འབྲེལ་ཐད་འབད་བརྩོན་དང་འབྲེལ་ཡོད་གསལ་བསྒྲགས་སྤེལ་བའི་བྱ་སྤྱོད་ལ་མོས་མཐུན་ཡོད་པ་བསྟན། 
   ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་4ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨྱན་སྦྱོར་གསར་འགྱུར་གནད་བསྡུས་ཚོགས་འདུའི་ཐོག ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་མགྲིན་ཚབ་པ་ནེ་ཏེ·ཕུའུ་ལའེ་སིས། ཉེ་ཆར། ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཐ་ལི་པན་གྱི་འཐུས་མི་དང་གྲོས་མོལ་བྱས་པའི་ཐད། ཨ་རིས་ཀྲུང་གོས་ཕྱི་འབྲེལ་ཐད་འབད་བརྩོན་དང་འབྲེལ་ཡོད་གསལ་བསྒྲགས་སྤེལ་བའི་བྱ་སྤྱོད་ལ་མོས་མཐུན་བྱེད་པ་དང་། ཆབས་ཅིག་ཏུ་ཨ་ཧྥུ་ཀ་ནི་སི་ཐན་གྱིས་ནང་ཁུལ་གྱི་སྐད་ཆ་ཤོད་རེས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཕྱི་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ན་གཞི་ནས་རྒྱུན་རིང་གི་ཐག་གཅོད་ཇུས་གཞི་འཇོག་ཐུབ་པ་རེད། འདི་ཡང་ཨ་རི་(དང་ཀྲུང་གོ་)ལ་ཐུན་མོང་གི་ཁེ་ཕན་ཡོད་པའི་ཁྱབ་ཁོངས་ཀྱི་གྲས་ཤིག་ཡིན་པ་བསྟན།  
   ཕུའུ་ལའེ་སི་ཡི་བདེ་འཇགས་དང་། བརྟན་བརླིང་། དར་རྒྱས་བཅས་མེད་ཅིང་། དྲག་ཤུགས་ཀྱིས་འཇབ་རྒོལ་ཐེབས་པའི་ཨ་ཧྥུ་ཀ་ནི་སི་ཐན་སུས་ཀྱང་མཐོང་འདོད་མེད། འདི་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁེ་ཕན་དང་མཐུན་མེད་ལ། ཨ་རི་དང་ཀྲུང་གོའི་ཁེ་ཕན་དང་ཡང་མཐུན་མེད་ཅེས་བསྟན་པ་དང་། ཕུའུ་ལའེ་སི་ཡིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་རམ་བྱས་ནས་རྒྱུན་རིང་གི་ཆབ་སྲིད་ཐག་གཅོད་ཇུས་གཞིའི་གནད་དོན་ཐད། ཨ་རི་དང་ཀྲུང་གོ་ནི་རྡོག་རྩ་གཅིག་སྒྲིལ་ཞིག་ཡིན་པ་ནན་གྱི་བསྟན།