འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་4ཉིན།

༄༅།།བོད་ལྗོངས་སུ་བཟའ་བཅའ་ཐོན་སྐྱེད་ཀྱི་གྱོད་གཞི་ཞིག་ཞིབ་བཤེར་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་04ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཞིབ་བཤེར་ཐག་གཅོད་བྱེད་པའི་ཡུལ་དངོས།
ཞིབ་བཤེར་ཐག་གཅོད་བྱེད་པའི་ཡུལ་དངོས།
     མི་དམངས་དྲ་བའི་འཕྲིན།“ངས་མང་ཚོགས་ལ་དངོས་དོན་བསྒྲུབ་རྒྱུ་ཡིན།”ལྷོ་ཁ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་“ལྕགས་ཀྱི་ཁུ་ཚུར་”བྱ་སྤྱོད་འཛིན་བྱེད་དུ་བྱས་ཏེ་ཟས་རིགས་རྫུན་མ་དང་སྤུས་ཞན་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་“ལྕེ་ཐོག་གི་བདེ་འཇགས་”ལ་འགན་སྲུང་བྱས།
     ཉེ་ཆར། མང་ཚོགས་ཀྱིས་ཐེར་འདོན་བྱས་པར་གཞིགས་ནས་ལྷོ་ཁ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚོང་ཁང་ཞིག་ཏུ་བཟའ་བཅའ་ཐོན་སྐྱེད་ཀྱི་དུས་ཚོད་བསམ་བཞིན་དུ་གཡོ་བཅོས་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད།
     མང་ཚོགས་ཀྱིས་ཐེར་འདོན་བྱས་པ་འབྱོར་རྗེས་ཁྲིམས་འཛིན་མི་སྣས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་འཕྲལ་སྡོམ་ཞིབ་བཤེར་བྱས་ཏེ་ཚོང་ཁང་རྩག་རྩིག་དེའི་མཛོད་ཁང་ནང་ནས་ཨང་རྒྱག་འཕྲུལ་འཁོར་2དང་ཨང་གཏོར་འཕྲུལ་འཁོར་1རྩད་ཆོད་པ་རེད། ཡུལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད། མཛོད་ཁང་དེའི་ནང་ཉར་ཚགས་བྱས་པའི་ཁ་ཚའི་སྲན་རིལ་བསྙལ་མ་དང་རྒྱ་ཁོག་གི་མཐིལ་རྫས། ཕག་སུག་སོགས་བཟའ་བཅའི་ཐུམ་སྒྲིལ་དུས་ཚོད་ཀྱི་མཚོན་རྟགས་དང་། ཡིག་གཟུགས། ཨང་རྟགས་བཅས་ཨང་གཏོར་འཕྲུལ་འཁོར་ལས་མངོན་པའི་དུས་ཚོད་དང་ཡིག་གཟུགས། ཨང་རྟགས་བཅས་ཚང་མ་གཅིག་མཚུངས་ཡིན་པ་རེད། ལྷོ་ཁ་གྲོང་ཁྱེར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་མི་སྣས་འཕྲལ་མར་འབྲེལ་ཡོད་བཟའ་བཅའ་ཡུལ་དངོས་སུ་བཀག་སྡོམ་ཉར་ཚགས་བྱས་པ་དང་འབྲེལ་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པ་རེད།
     བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། ཚོང་ཁང་རྩག་རྩིག་དེས་སྔོན་ལ་ཨང་གྲངས་གཏོར་བྱེད་འཕྲུལ་འཁོར་སྤྱད་ནས་ཟས་རིགས་སྔར་དུས་ལས་ཡོལ་གྲབས་ཡོད་པའམ་ཡང་ན་དུས་ཚོད་ཡོལ་ཟིན་པའི་ཐོན་སྐྱེད་དུས་ཚོད་གཙང་སེལ་བྱས་རྗེས་ཡང་བསྐྱར་ཐོན་སྐྱེད་ཀྱི་དུས་ཚོད་གསར་པ་ཞིག་བཟོས་རྗེས་ཨང་རྒྱག་འཕྲུལ་ཆས་བརྒྱུད་དེ་ཨང་རྟགས་བཀོད་ནས་བཟོ་བཅོས་ཀྱི་དམིགས་ཡུལ་འགྲུབ་པར་བྱས་ཡོད།
     ཁྲིམས་འཛིན་མི་སྣས་ཡུལ་དངོས་སུ་རིགས་སྣ་16དང་སྒམ་35རྩད་ཆོད་པ་དང་ཁྱོན་དུས་ཚོད་ཡོལ་ནས་ངོ་བོ་འགྱུར་བའི་བཟའ་བཅའ་ཏུན་0.6ཟིན་ཡོད་པ་རེད། དུས་འདས་ཀྱི་ཟས་རིགས་འདི་དག་ཚང་མ་ཚོང་པས་ཐོན་སྐྱེད་ཀྱི་དུས་ཚོད་གསར་པ་ཞིག་ལ་གཡོ་བཅོས་བྱས་ཟིན་མོད། འོན་ཀྱང་ད་དུང་བྲིན་ཚོང་ཁྲོམ་རའི་ནང་དུ་ཐོན་མེད།
     དོ་བདག་གི་བྱ་སྤྱོད་དེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་བཞི་པའི་“ཐོན་སྐྱེད་བྱས་པའི་དུས་ཚོད་དང་། སྤུས་ཚད་འགན་ལེན་དུས་ཡུན་རྫུན་མའམ་ཡང་ན་སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་བའི་ཟས་རིགས་དང་། ཟས་རིགས་ཀྱི་སྦྱོར་རྟ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པ་གཏན་འགོག་བྱ་རྒྱུ”་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ཡོད། དེར་བརྟེན། ལྷོ་ཁ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉེར་བཞི་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྲིམས་འགལ་ངང་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཐོན་རྫས་དང་དེ་བཞིན་སྒྲིག་ཆས་ཡོ་བྱད་གཞུང་བཞེས་བཏང་བ་དང་འབྲེལ་དངུལ་ཆད་སྒོར་ཁྲི་6.5བཅད་པ་རེད།
     འདིར་ཚང་མར་དྲན་གསོ་ཞུ་རྒྱུ་ནི་ཚོང་ཟོག་ཐོན་ཡུལ་རྫུན་བཟོ་བྱེད་པ་དང་ཐོན་སྐྱེད་དུས་ཚོད་དང་སྤུས་ཉར་དུས་ཡུན་གཡོ་བཅོས་བྱེད་པ། གཞན་གྱི་བཟོ་གྲྭའི་མིང་དང་ར་སྤྲོད་མཚོན་རྟགས་རྫུན་སྤྱོད་བྱེད་པ་བཅས་ཚང་མ་ཁྲིམས་འགལ་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས། ཟས་རིགས་ཉོ་སྐབས། ཚོང་ཟོག་ཤོག་བྱང་ཁྲོད་ཀྱི་ཐོན་སྐྱེད་བཟོ་གྲྭ་དང་སྤུས་ཉར་དུས་ཡུན། ཐོན་སྐྱེད་དུས་ཚོད། སྤུས་ཚད་ཚད་མཐུན་ལག་ཁྱེར་སོགས་ཀྱི་ཆ་འཕྲིན་ཞིབ་ཏུ་ཞིབ་བསྡུར་བྱེད་དགོས།“མེད་པ་གསུམ”གྱི་ཐོན་རྫས་སམ་ཡང་ན་མཚོན་རྟགས་འཐུས་ཚང་མེད་པ་དང་། བསུབ་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཤེས་ཚེ། དུས་ཐོག་ཏུ་“12315”ལ་ཁ་པར་བཏང་ནས་ཞུ་གཏུག་དང་ཐེར་འདོན་བྱ་རོགས།
ཞིབ་བཤེར་ཐག་གཅོད་བྱེད་པའི་ཡུལ་དངོས།
ཞིབ་བཤེར་ཐག་གཅོད་བྱེད་པའི་ཡུལ་དངོས།