འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་3ཉིན།

༄༅།།ཀྲུང་གོས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཐན་ཙན་ནི་ཡའི་ཙན་ཙི་པར་དུ་
འབྱོར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་03ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་རེ་སི་ས་ལམ་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཟླ་7ཚེས་31ཉིན་གྱི་ཕྱི་དྲོ་ཐན་ཙན་ནི་ཡའི་ཙན་ཙི་པར་དུ་འབྱོར་བ་རེད། ཙན་ཙི་པར་གྱི་ཚོང་དོན་དང་བཟོ་ལས་འཕེལ་རྒྱས་པུའི་པུའུ་ཀྲང་ཨའོ་མར·ཧྲ་པན་དང་ཙན་ཙི་པར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀྲང་ཀྲི་ཧྲེང་སོགས་གནམ་ཐང་དུ་བསྐྱོད་ནས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད།
    ཀྲང་ཀྲི་ཧྲེང་གིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་ད་ཐེངས་ཀྲུང་གོ་ཕྱོགས་ཀྱིས་ཙན་ཙི་པར་རིམས་འགོག་སྨན་ཁབ་ཞལ་འདེབས་བརྒྱབ་པ་དེ་ཐོག་ནས་ཀྲུང་ཙན་དབར་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་མངོན་ཡོད། ཏོག་གསར་གློ་ཚད་རིམས་ནད་ལས་མིའི་རིགས་ལ་འགྲན་སློང་དྲག་པོ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཙན་ཙི་པར་དང་དཔུང་པ་མཉམ་གཤིབ་ཀྱིས་རིམས་ནད་ལ་འགོག་རྒོལ་བྱ་རྒྱུ་ཡིན། ཀྲུང་གོས་རིམས་འགོག་གི་ཉམས་མྱོང་མུ་མཐུད་མཉམ་སྤྱོད་བྱས་ཏེ་ཙན་ཙི་པར་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད།
   ཧྲ་པན་གྱིས་ཙན་ཙི་པར་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་ཕྱོགས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཞལ་འདེབས་བརྒྱབ་པའི་རིམས་འགོག་སྨན་ཁབ་ལས་ཙན་ཙི་པར་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་མ་ཟད། ཀྲུང་གོ་དང་ཙན་ཙི་པར་གྱི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་བརྗོད།