འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་3ཉིན།

༄༅།།དབྱར་གཞུང་གི་ས་མཐོར“འཁྱགས་ ཤུད་སྤོ་ལོ་དར་སོ་ཆེ”

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་03ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། དབྱང་གཞུང་གི་ས་མཐོར་ནམ་མཁའ་གཡའ་དག་ཅིང་མཁའ་རླུང་སིལ་བ་དང་། འཁྱགས་ཤུད་སྤོ་ལོའི་ཐང་གི་འཁྲུག་ཆ་དོད་པའི་འགྲན་བསྡུར་ལས་ཟི་ལིང་གྲོང་ཁྱེར་གྲོང་མིའི་ལྟེ་གནས་ཀྱི་འཁྱགས་ཤུད་སྤོ་ལོ་ཁང་དུ་སྤྲོ་སེམས་རབ་ཏུ་འཁོལ་བའི་རྣམ་པ་མངོན།
   ཟླ་7ཚེས་28ནས་ཟླ་8ཚེས་2ཉིན་བར། རྒྱལ་ཡོངས་ཀྱི་U12འཁྱགས་ཤུད་སྤོ་ལོའི་འགྲན་བསྡུར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་མིའི་ལྟེ་གནས་ཀྱི་འཁྱགས་ཤུད་སྤོ་ལོ་ཁང་དུ་གཉེར་ཞིང་། པེ་ཅིང་དང་། ཧྲང་ཧའེ། ཧུའུ་པེ། ལེའོ་ཉིང་སོགས་ཀྱི་རུ་ཁག་18ཀྱི་འཁྱགས་ཤུད་སྤོ་ལོའི་རུ་མི་ཆུང་ཆུང་400ལྷག་ཙམ་གྱིས་ས་མཐོའི་འཁྱགས་ཤུད་སྤོ་ལོ་ཐང་དུ་དུས་ཡུན་ཉིན་6གི་འགྲན་བསྡུར་བྱེད་མཁན་རེད།
   ལོ་69ལ་སླེབས་པའི་ཀྲེང་ཡུང་ཆོན་གྱིས་དངངས་འཚབ་ཆེན་པོས་འཁྱགས་ཤུད་སྤོ་ལོའི་འགྲན་བསྡུར་ལྟ་བཞིན་ཡོད། ཁོང་གིས་ཚ་བོ་ཀྲེང་སི་ཆི་དང་མཉམ་དུ་ཁྲེང་ཏུའུ་ནས་ཟི་ལིང་དུ་ཟི་ལིང་རུ་ཁག་གི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས། “ང་ཚོ་ཟི་ལིང་དུ་འཁྱགས་ཤུད་སྤོ་ལོའི་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན། འདི་གའི་འགྲན་རའི་འཛུགས་སྐྲུན་དང་འགྲན་བསྡུར་གྱི་ཞབས་ཞུ་ཧ་ཅང་ཡག་པོ་འདུག་ལ། ཚང་མས་འཁྱགས་ཤུད་སྤོ་ལོར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་པས་ང་ལ་བག་ཆགས་ཟབ་མོ་བྱུང”ཞེས་ཀྲེན་ཡུང་ཆོན་གྱིས་བཤད།
   ཟི་ལིང་རུ་ཁག་གི་རྩལ་ཁྲིད་པ་ཅི་ཆན་ལུང་གིས། ཟི་ལིང་རུ་ཁག་ནི་མཚོ་སྔོན་གྱི་རུ་མི་9དང་སི་ཁྲོན་གྱི་རུ་མི་8ལས་གྲུབ་ཡོད། “མ་གཞི་གོང་གི་འགྲན་བསྡུར་གཉིས་ཀ་ཕམ་ཡང་། རུ་མི་ཚོས་རང་གི་རྩལ་ནུས་གང་ཡོད་བཏོན་པར་ཁས་ལེན་བྱེད་དགོས་པ་ཞིག་རེད། མཚོ་སྔོན་གྱི་རུ་མི་ཚོས་འཁྱགས་ཤུད་སྤོ་ལོ་སྦྱོང་འགོ་ཚུགས་ནས་ལོ་གཅིག་ལྷག་ཙམ་སོང་ཡོད། མ་གཞི་སྦྱོང་འགོ་འཛུགས་ཕྱི་ཡང་རྒྱུན་ཆད་མེད་པར་སྦྱོང་བརྡར་དང་འགྲན་བསྡུར་ཁག་ལ་ཞུགས་ཚེ་ང་ཚོར་གྲུབ་འབྲས་དེ་བས་ལེགས་པ་འཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།
   2020ལོའི་ཟླ་10པར། ཟི་ལིང་གྲོང་ཁྱེར་དུ་གཉེར་བའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་འཁྱགས་ཤུད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་U12ཚོགས་ཆུང་གི་འགྲན་བསྡུར་ལ། ཅི་ཆན་ལུང་གིས་མཚོ་སྔོན་དང་ཧྲའན་ཤིས་མཉམ་འབྲེལ་རུ་ཁག་གི་རྩལ་ཁྲིད་པའི་འགན་ཁུར་ཡོད། ད་ཐེངས་ཀྱི་འགྲན་ཞུགས་བརྒྱུད་རིམ་ལས་ས་མཐོའི་གནའ་གྲོང་ཟི་ལིང་གྲོང་ཁྱེར་ལ་འཁྱགས་ཤུད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལྡན་པ་ཁོང་གིས་ཤེས་རྟོགས་ཐུབ་ཡོད།