འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་3ཉིན།

༄༅།།རྨ་ཆུ་རྒྱུག་ཁུལ་གྱི་མཚོ་སྔོན་དུམ་བུའི་ཆུ་ཁོངས་ཁག་གཅིག་ཏུ་ཟླ་8ཚེས་1ཉིན་ནས་བཟུང་ཉ་རྒྱ་བསྡམས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་03ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་གསལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས》དང《ཀྲུང་གོའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་བྱ་སྤྱོད་རྩ་གནད》སོགས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་2021ལོའི་ཟླ་8ཚེས་1ཉིན་ནས་2026ལོའི་ཟླ་7ཚེས་31ཉིན་བར་རྨ་ཆུ་རྒྱུག་ཁུལ་གྱི་མཚོ་སྔོན་དུམ་བུའི་ཆུ་ཁོངས་ཁག་གཅིག་ཏུ་རང་བྱུང་ཉ་རིགས་འཛིན་པའི་བྱེད་སྤྱོད་མཐའ་དག་བཀག་འགོག་བྱས་པ་རེད།
   གོང་གསལ་གྱི་ཉ་རྒྱ་བསྡམས་པའི་ཆུ་ཁོངས་གཙོ་བོའི་ནང་། རྨ་ཆུ་རྒྱུག་ཁུལ་གྱི་མཚོ་སྔོན་དུམ་བུའི་ཆུ་གཞུང་དང་། མཚོ་སྐྱ་རེངས། མཚོ་སྔོ་རེངས། ཆུ་ལག་གལ་ཆེན་འཇུ་ལག་ཆུ་དང་། ཙོང་ཆུ། རོང་བོ་དགུ་ཆུ། དགུ་ཆུ། ཁོ་ཆུ་འགབ་མ། ཁོ་ཆུ་གོང་མ། རྩེ་ཆུ། ཆུ་སྔོན། ཧང་ཆུ་བཅས་ཚུད་ཡོད་པ་རེད།
   མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པ་དང་དེ་གར་འཚོ་གནས་བྱེད་པའི་ཆུ་སྐྱེས་དང་རི་སྐྱེས་སྲོག་ཆགས་མང་ཆེ་བ་ནི་རང་རྒྱལ་ཁོ་ནར་ཡོད་པའི་ས་མཐོའི་རྩ་ཆེའི་དངོས་རིགས་ཤིག་རེད།
   མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉ་རྒྱ་སྡོམ་རིང་མཚོ་སྐྱ་རེངས་དང་། མཚོ་སྔོ་རེངས། རྨ་ཆུའི་གཅན་ཚ་དུམ་བུ། རྨ་ཆུའི་ཁྲི་ཀ་དུམ་བུ་སོགས་ཀྱི་དམིགས་བསལ་གྱི་ཉ་རིགས་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་དངོས་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོང་ཁུལ་7དུ་ཉ་གཟུང་མི་ཆོག་པ་དང་། གཞན་ཡང་ལོ་རེའི་ཟླ་8ཚེས་20ཉིན་ནས་ཟླ་11ཚེས་20ཉིན་བར་ནི་ཚ་རྔ་འགག་ཆུ་མཛོད་དུ་དམིགས་བསལ་ཆོག་མཆན་ཐོབ་ནས་ཉ་གཟུང་ཆོག་པའི་དུས་ཡིན་པ་དང་། དེའི་རིང་གསོ་སྤེལ་མང་བའི་རྫིང་བུ་ནས་ཉ་གཟུང་ཆོག་པ་ལས་དེ་མིན་གྱི་ཉ་རིགས་གཟུང་ཆོག་གི་མེད་པ་རེད།