འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་2ཉིན།

༄༅།།སློབ་གསོ་པུའུ་ཡིས་གཏན་འབེབས་གསལ་པོ་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་02ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་30ཉིན་གསར་འགོད་པས་སློབ་གསོ་པུའི་དྲ་ཚིགས་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་སློབ་གསོ་པུའུ་གཞུང་དོན་ཐིང་གིས་《འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ཕྱིའི་གསོ་སྦྱོང་གི་རིག་ཚན་རིགས་དང་རིག་ཚན་མིན་པའི་རིགས་ཀྱི་ཁྱབ་ཁོངས་སྔར་བས་ཁ་གསལ་བཟོ་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་བསྟན་དོན།
     རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ཚན་བཀོད་སྒྲིག་གི་གཏན་འབེབས་ལ་གཞིགས་ན། སློབ་ཕྱིའི་གསོ་སྦྱོང་བྱེད་སྐབས་ཀུན་སྤྱོད་དང་ཁྲིམས་སྐྱོང་། སྐད་ཡིག ལོ་རྒྱུས། ས་ཁམས། རྩིས་རིག  ཕྱིའི་སྐད་ཡིག(དབྱིན་ཡིག ལྗར་ཡིག ཨུ་རུ་སུའི་སྐད་ཡིག)དངོས་ལུགས། རྫས་འགྱུར། རིག་གནས། སྐྱེ་དངོས་བཅས་རིག་ཚན་རིགས་གཞིར་བཟུང་ནས་དོ་དམ་བྱེད་དགོས། གོང་གསལ་རིག་ཚན་དང་འབྲེལ་བའི་རྒྱལ་ཁབ་ཀྱི་སློབ་ཚན་ཚད་གཞིའི་ནང་གཏན་འབེབས་བྱས་པའི་སློབ་སྦྱོང་ནང་དོན་གྱི་སློབ་ཕྱིའི་གསོ་སྦྱོང་ཚང་མ་རིག་གཞུང་ཚན་ཁག་ཁོངས་སུ་བཅུག་ནས་དོ་དམ་བྱེད་དགོས།
     སློབ་ཕྱིའི་གསོ་སྦྱོང་བྱེད་སྐབས། ལུས་རྩལ་(ཡང་ན་ལུས་རྩལ་དང་བདེ་ཐང་)དང་། སྒྱུ་རྩལ་(ཡང་ན་རོལ་དབྱངས་དང་མཛེས་རྩལ)རིག་ཚན། དེ་བཞིན་ཕྱོགས་བསྡུས་ལག་ལེན་བྱེད་སྒོ་(ཆ་འཕྲིན་ལག་རྩལ་སློབ་གསོ་དང་ངལ་རྩོལ་དང་ལག་རྩལ་སློབ་གསོ་ཚུད་པ)སོགས་རིག་ཚན་མིན་པའི་རིགས་ལ་གཞིགས་ནས་དོ་དམ་བྱེད་དགོས།
     ས་གནས་ཁག་གིས་རྒྱལ་ཁབ་ཀྱི་སློབ་ཚན་འཆར་འགོད་དང་སློབ་ཚན་གྱི་ཚད་གཞིར་ནན་པོར་གཞིགས་ནས་ཞིབ་བཤེར་གཏན་འབེབས་དང་གནད་འགག་དམ་འཛིན་བྱས་ཏེ་རྒྱུན་ལྡན་གྱི་གནད་འགག་དམ་འཛིན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།