འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་2ཉིན།

༄༅།།ད་ལོའི་ཞོ་སྟོན་རིང་བྱེད་སྒོ་འདི་དག་སྤེལ་རྩིས་འདུག 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་02ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན་གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2021ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཟླ་8ཚེས་8ཉིན་ནས་ཟླ་8ཚེས་14ཉིན་བར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ་རེད།
     དུས་ཆེན་རིང་ཚོང་འགུག་དངུལ་འདྲེན་རྣམ་གྲངས་འོས་སྦྱོར་འདུ་ཚོགས་དང་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ། ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། ལྗོངས་ཡོངས་ཀྱི་ལྷ་མོ་འགྲན་བསྡུར་ཆེན་མོ་སྐབས་དྲུག་པ་དང་དེ་བཞིན་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན། བོད་ཀྱི་མིག་མངས་འགྲན་བསྡུར། གོས་སྐུ་བཤམས་པ། ཚོང་ཟོག་སྤུས་ལེགས་གྲགས་ཅན་ཉོ་ཚོང་དང་འགྲེམས་སྟོན་འགྲེམས་ཚོང་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཞོ་སྟོན་གྱི་དམིགས་ཡུལ་ནི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་ཚོང་འགུག་དངུལ་འདྲེན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བརྟེན། དུས་ཆེན་ལ་བརྟེན་ནས་སྟོབས་ཤུགས་ཆེན་པོ་བཟོ་བ་དང་། དུས་ཆེན་ལ་བརྟེན་ནས་མགྲོན་པོ་བསྡུ་བ། དུས་ཆེན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྷ་སའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་། དམིགས་བསལ་གྱི་ཐོན་ལས་ལེགས་གྲས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བཅས་ཁྱོན་ཡོངས་ནས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ་དུས་ཆེན་གྱིས་སྟེགས་བུ་བསྐྲུན་པ་དང་། དཔལ་འབྱོར་དང་ཡུལ་སྐོར་གྱིས་ཟློས་གར་འཁྲབ་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐུབ་པ་བྱེད་དགོས།
     གཞན་ཡང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས། ད་ཐེངས་ཀྱི་ཞོ་སྟོན་རིང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་ཕྱི་ནས་ནད་པ་ཡོང་བར་ནན་འགོག་བྱས་ཏེ་རིམས་ནད་ནང་འདྲེན་ཐད་ཀྱི་ཉེན་ཁ་སྔོན་འགོག་བྱེད་པའི་མདུན་ཕྱོགས་ཀྱི་འགག་སྒོ་མཐའ་གཅིག་ཏུ་སྲུང་རྒྱུ་ཡིན་ཞེས་བཤད་པ་རེད།
     ལྷ་སའི་ཞོ་སྟོན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོ་ཡིན་པའི་ངོས་ནས་སྲོལ་རྒྱུན་དང་དེང་རབས། དཔལ་འབྱོར་དང་རིག་གནས། དུས་སྟོན་དང་ཡུལ་སྐོར་སོགས་གཞི་རྒྱུ་མང་པོ་གཅིག་ཏུ་འདུས་པ་དང་། ཤུགས་རྐྱེན་གལ་ཆེན་དང་སྐད་གྲགས་ཅུང་ཆེ་བའི་དུས་སྟོན་ཞིག་དང་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་ངོམས་པའི་སྡིངས་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
【1】  【2】
2020ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་འགོ་འཛུགས་མཛད་སྒོའི་ཡུལ་དངོས།
2020ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་འགོ་འཛུགས་མཛད་སྒོའི་ཡུལ་དངོས།