འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་2ཉིན།

༄༅།།ཨ་རིས་ཝུའུ་ཧན་དུ་དམག་མིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་མཁན་ཨ་དམག་ནད་པའི་གཞི་
གྲངས་ཡོངས་བསྒྲགས་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་02ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིས་ཝུའུ་ཧན་དུ་དམག་མིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་མཁན་ཨ་དམག་ནད་པའི་གཞི་
གྲངས་ཡོངས་བསྒྲགས་བྱེད་དགོས།
   མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་རང་ངོས་ཀྱི་རིམས་འགོག་གོ་མ་ཆོད་པའི་འགན་འཁྲི་གཞན་དཀྲི་བྱས་ནས་རྒྱལ་ཁབ་གཞན་དག་ལ་གནོད་འཚེ་གཏོང་བའི་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་ཆེད། ཨ་རིས་རིམས་ནད་ཆབ་སྲིད་ཅན་དང་། ནད་དུག་གི་མིང་བཙོག་པ་ཅན། ཁུངས་འདེད་ཡོ་བྱད་ཅན་བཅས་ཤུགས་ཆེན་བྱས་ནས། རྫུན་བཤད་པ་དང་། དམའ་འབེབས། འཇིགས་སྐུལ་བྱེད་པ་བཅས་དེ་ཚད་གཞིར་བཟུང་ནས། དོན་དངོས་དང་ཚན་རིག  དྲང་བདེན་བཅས་ལ་བརྩི་འཇོག་གཏན་ནས་བྱེད་ཀྱི་མེད་ཅེས་བཤད།
   “མིའི་རིགས་ཀྱིས་རིམས་ནད་འགོག་པའི་ལོ་རྒྱུས་ཐོག ཨ་རིའི་མདོག་ཉེས་པའི་ཟིན་ཐོ་འདི་འགོད་ངེས།”
    ཀྲའོ་ལི་ཅན་གྱིས། རྒྱལ་ཁབ་གཞན་ལ་དམའ་འབེབས་བྱས་ནས་རང་ཉིད་ཀྱི་ནག་ཉེས་སེལ་ཐབས་མེད། གལ་ཏེ་ཨ་རི་ནི་དངོས་གནས་“ཕྱི་གསལ་ནང་གསལ་དང་། འགན་འཁུར་བ་”ཞིག་ཡིན་ན། གཤམ་གསལ་དོན་དག་བཞི་ནས་འགོ་བརྩམས་རོགས། 
    དང་པོ། ཨ་རིས་དུས་སྔ་མའི་ནད་དཔེ་ཞིབ་བཤེར་དང་གཞི་གྲངས་ཡོངས་བསྒྲགས་བྱེད་དགོས། 
   གཉིས་པ། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་པ་གདན་འདྲེན་ཞུས་ནས་དེ་ཐེ་ལི་ཁེ་པའོ་དང་ཕྱི་རྒྱལ་དུ་ཡོད་པའི་ཨ་རིའི་སྐྱེ་དངོས་ཚོད་ལྟ་ཁང་200ལྷག་ལ་བརྟག་དཔྱད་བྱེད་དགོས། 
   གསུམ་པ། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་གདན་འདྲེན་ཞུས་ནས་ཁཱ་ལའོ་ལའེ་ནཱ་བྱང་མའི་སློབ་ཆེན་ལ་བརྟག་དཔྱད་དང་། ཁྱད་པར་དུ་ཁཱ་ལའོ་ལའེ་ནཱ་བྱང་མའི་སློབ་ཆེན་གྱི་པ་ལི་ཁེ་ཚོགས་པ་ལ་སྔོན་ནས་བཟུང་བྱང་ཆ་ཧ་ཅང་དོད་པའི་ཏོག་གསར་ནད་དུག་འདྲེས་གྲུབ་དང་བསྒྱུར་བཀོད་བྱེད་ནུས་ལྡན་ཡོད་པར་བརྟག་དཔྱད་བྱེད་དགོས། 
   བཞི་པ། ཝུའུ་ཧན་དུ་དམག་མིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ཨ་དམག་ནད་པའི་ནད་དཔེའི་གཞི་གྲངས་ཡོངས་བསྒྲགས་བྱེད་དགོས།