འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་2ཉིན།

༄༅།། བོད་ཀྱི་ས་མཐོར་མའེ་ཏང་ལའོ་ཡི་ཟ་ཁང་ཐོག་མ་དེ་བཙུགས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་02ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ལས་འགོ་འཛུགས་པའི་མཛད་སྒོའི་ཡུལ་དངོས་རེད།
འདི་ནི་ལས་འགོ་འཛུགས་པའི་མཛད་སྒོའི་ཡུལ་དངོས་རེད།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ་7་པའི“འཛམ་གླིང་ཡང་རྩེར”རྩྭ་སྐྱེ་འཇོལ་མོ་འཕུར་ཞིང་མཁའ་དབྱིངས་གཡའ་དག ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་སུ་བཙུགས་པའི་མའེ་ཏང་ལའོ་ཟ་ཁང་དང་པོ་སྟེ་ལྷ་ས་གྲོང་ཁྱེར་བར་སྐོར་ཚོང་གྲོང་གི་མའེ་ཏང་ལའོ་ཟ་ཁང་གཟབ་རྒྱས་ངང་སྒོ་ཕྱེ་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་བར་སྐོར་ཚོང་གྲོང་གི་མའེ་ཏང་ལའོ་ཟ་ཁང་ནི་མིག་སྔར་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་མའེ་ཏང་ལའོ་ཟ་ཁང་ཞིག་ཡིན་ལ་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མའེ་ཏང་ལའོ་ཟ་ཁང་ཞིག་ཀྱང་རེད། འབྱུང་འགྱུར་ལོ་ལྔའི་ནང་སྔོན་དཔག་བྱས་ན་བོད་དུ་མའེ་ཏང་ལའོ་ཟ་ཁང་10ལྷག་ཙམ་འཛུགས་རྒྱུ་དང་2023ལོར་སླེབས་སྐབས་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མའེ་ཏང་ལའོ་ཟ་ཁང་1000ལས་བརྒལ་རྒྱུ་རེད།
     བོད་ཀྱི་མའེ་ཏང་ལའོ་ཟ་ཁང་དང་པོས་འཛམ་གླིང་ཀུན་ཏུ་སྐད་གྲགས་ཆོད་ཅིང་རང་གི་ཁྱད་ཆོས་ལྡན་པ་དང་དེ་བཞིན་མའེ་ཏང་ལའོ་ནས་ཀྲུང་གོ་རང་ཡུལ་བཟའ་བཏུང་གི་དགོས་མཁོ་ཞིབ་འཇུག་གསར་སྤེལ་བྱས་པའི་ཐོན་རྫས་གཙོ་བོ་མཁོ་འདོན་བྱས་ནས་བོད་ཀྱི་འཛད་སྤྱོད་པར་བྲོ་བ་ཞིམ་པའི་མྱོང་རོལ་བྱེད་དུ་འཇུག་རྒྱུ་ཡིན་པ་རེད།
     ཟ་ཁང་ནང་སྟབས་བདེའི་བཟོ་ལས་ཀྱི་དར་སྲོལ་ལྟར་ཇུས་འགོད་བྱས་པ་དང་བབ་བརླིང་གི་ཁ་དོག་སྤྱད་ཡོད་པས་དེང་རབས་ཅན་གྱི་ཟ་ཁང་གི་ཁོར་ཡུག་བསྐྲུན་ཡོད་པ་རེད། ཟ་ཁང་གིས་ད་དུང་ཕྱོགས་ཡོངས་ནས“འབྱུང་འགྱུར་ཟ་ཁང”གི་ཉམས་ལེན་ནང་འདྲེན་བྱས་ཏེ་གྲངས་གཞི་ཅན་གྱི་མཁྲེགས་ཆས་དང་། རང་གཤིས་ཅན་གྱི་ཐོན་རྫས། མི་གཤིས་ཅན་གྱི་ཞབས་ཞུ་བཅས་མཁོ་འདོན་བྱས་ཡོད། སྐུ་མགྲོན་ཚོས་ཟ་ཁང་དུ་རང་སྒེར་གྱིས་ཟ་མ་འདེམས་པ་དང་། སྒུལ་བདེའི་གཏོང་སྤྲོད། ཚོགས་མིའི་ཕན་བདེ། ཟ་མ་མདུན་སར་སྐྱེལ་བ། གློག་རྡུལ་མཉམ་འགུལ་རོལ་རྩེད་སོགས་ལས་བྱུང་བའི་སྟབས་བདེ་དང་སྤྲོ་སྣང་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།
     བོད་ཀྱི་མའེ་ཏང་ལའོ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། “ཉེ་བའི་ལོ་ཤས་རིང་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁ་ལག་ཟ་བའི་ཉམས་ལེན་གྱི་དགོས་མཁོ་གསར་པ་ཐོན་ཡོད། བོད་ཀྱི་མའེ་ཏང་ལའོ་ཟ་ཁང་ཐོག་མ་དེས་སྐུ་མགྲོན་ཚོར་ཐུན་མོང་མ་ཡིན་པའི་ཁ་ལག་ཟ་བའི་ཉམས་ལེན་འདོན་སྤྲོད་ཧུར་ཐག་བྱ་རྒྱུ་ཡིན། ང་ཚོས‘དགའ་ཞེན་གྱི་རྐྱེན་པས་དགེ་བའི་ལས་ལ་གཞོལ་བའི’འདུ་ཤེས་བཅངས་ནས་བོད་ཀྱི་སྐུ་མགྲོན་རྣམས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ཏེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན། ཀྲུང་གོར་ཡོད་པའི་མའེ་ཏང་ལའོ་ཡིས་བོད་ཀྱི་འབྱུང་འགྱུར་ཉམས་འགྱུར་ལྡན་པའི་ཟ་ཁང་ཐོག་མ་དེ་འགོ་འཛུགས་སར་བྱས་ནས་བོད་ཀྱི་ཁྲོམ་ར་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱས་ནས་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་དམ་འཛིན་བྱ་རྒྱུ་ཡིན། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཟ་ཁང་དེའི་ལས་མི་70%ལྷག་ཙམ་ནི་95ལོའི་རྗེས་མ་བ་རེད། བོད་ལ་མའེ་ཏང་ལའོ་ཟ་ཁང་དེ་བས་མང་བ་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་དང་ཆབས་ཅིག་མའེ་ཏང་ལའོ་ཡིས་བོད་ཀྱི་རྒྱ་ཆེའི་མང་ཚོགས་ལ་སྣ་མང་ཅན་གྱི་ལས་ཞུགས་དང་གསོ་སྦྱོང་གི་གོ་སྐབས་མཁོ་འདོན་བྱ་རྒྱུ་རེད།
     “མའེ་ཏང་ལའོ་བོད་དུ་ཕེབས་ནས་བོད་ཀྱི་འཛད་སྤྱོད་པར་གདམ་ག་དེ་བས་མང་བ་མཁོ་འདོན་བྱེད་པ་དང་ས་གནས་དེ་གའི་བཟའ་བཏུང་ལས་རིགས་དང་མཉམ་དུ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་རྒྱལ་སྤྱི་རྒྱལ་ནང་གི་གྲགས་ཅན་བཟའ་བཏུང་སྤུས་རྟགས་དེ་བས་མང་པོ་བོད་དུ་ཡོང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དེ་ལྟར་བཤད་ཡོད། 
【1】  【2】
པར་འདི་ནི་ཟ་ཁང་གི་གཞོགས་སྒོ་རེད།
པར་འདི་ནི་ཟ་ཁང་གི་གཞོགས་སྒོ་རེད།