འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་2ཉིན།

༄༅།།བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཀོང་པོའི་བི་ཤུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་30ཉིན། 16:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཀོང་པོའི་བི་ཤུ།
     མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བ་ཉིང་ཁྲི་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཕྱིབས་གྲོང་ཚོར་བི་ཤུའི་འགྲན་བསྡུར་སྤེལ་བཞིན་མཆིས། “ཤུག་ཤུག་”གི་སྒྲ་དང་ལྷན་དུ་མདའ་མོ་རེ་རེ་འགྲན་ཞུགས་པའི་གཞུ་ལས་འཕངས་ཞིང་འབེན་སྙིང་ལ་ཕོག ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་པོའི་བི་ཤུ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་། ཤིང་གི་མདའ་འགོ་ལ་ཁུང་བུ་ཡོད་པས་མདའ་འཕེན་སྐབས་ཤུག་སྒྲ་ཆེན་པོ་ཞིག་ཐོན་གྱི་ཡོད་པ་ལས་མིང་ཡང་དེ་ལྟར་ཐོགས། 
     ཀོང་པོའི་བི་ཤུ་ནི་ཉིང་ཁྲི་གྲོང་ཁྱེར་ངལ་རྩོལ་མི་དམངས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་གསར་གཏོད་དང་གསར་བཟོ་བྱས་པ་ཞིག་ཡིན་པ་དང་། ས་གནས་དེ་གས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་ལོ་གསར་བསུ་བ་སོགས་ཀྱི་གལ་ཆེའི་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོའི་ནང་མེད་དུ་མི་རུང་བའི་རྩལ་འགྲན་གྱི་རོལ་རྩེད་བྱེད་སྒོ་ཞིག་ཡིན་ཞིང་། ད་བར་ལོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཡུལ་དངོས་ཀྱི་འགྲན་ཞུགས་མི་སྣ་བོད་རིགས་ཕོ་གསར་ཚོས་བཤད་པ་ལྟར་ན། གྲོང་ཚོའི་ནང་དུས་བཀག་ལྟར་བི་ཤུའི་འགྲན་བསྡུར་སྤེལ་བ་མ་ཟད། ད་དུང་རྒྱལ་ཁ་ཐོབ་མཁན་ལ་བྱ་དགའ་ངེས་ཅན་སྤྲོད་པ་རེད། 
【1】  【2】  【3】
༄༅།།བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཀོང་པོའི་བི་ཤུ།
༄༅།།བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཀོང་པོའི་བི་ཤུ།