འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་29ཉིན།

༄༅།།“གོ་ལྔའི་ནང་སྐྱེས”ཀྱི་བོད་རིགས་གཞོན་ནུ་མ་ཕ་ཡུལ་དུ་ལོག་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་29ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཚེ་དབང་སྒྲོལ་མས་ཁྱིམ་ནས་ཐད་གཏོང་བྱེད་སྐབས་ཚོང་ཟོག་སྟོན་བཞིན་པ།
འདི་ནི་ཚེ་དབང་སྒྲོལ་མས་ཁྱིམ་ནས་ཐད་གཏོང་བྱེད་སྐབས་ཚོང་ཟོག་སྟོན་བཞིན་པ།
     མི་དམངས་དྲ་བའི་འཕྲིན། 1995ལོར་སྐྱེས་པའི་ཚེ་དབང་སྒྲོལ་མ་2019ལོར་བོད་ལྗོངས་མི་རིགས་སློབ་ཆེན་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ནས་ཐོན་རྗེས། རང་གི་ཕ་ཡུལ་ཏེ། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཐ་གླིང་གྲོང་ཚོར་ལོག་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཞིག་བྱས་པ་རེད། ཁོ་མོས་གྲོང་ཁྱེར་དུ་སྦྱངས་པའི་ཕྱིར་ཚོང་བྱེད་སྟངས་གསར་པ་གྲོང་ཚོར་ཁྱབ་གདལ་བཏང་ཞིང་། བརྙན་ལམ་འབེབས་འཇུག་དང་ཐད་གཏོང་བྱས་ཏེ་ཕ་ཡུལ་གྱི་ཐོན་རྫས་ཀྱི་མགྲིན་ཚབ་པ་ཞིག་བྱས་ནས་ཕྱིར་བཙོངས་པར་ན་ནིང་ལོ་གཅིག་གི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་ཡོད།
འདི་ནི་ཚེ་དབང་སྒྲོལ་མས(གཡོན)ཟླ་བའི(དཀྱིལ)ཕྲུ་གུའི་གདོང་ལ་བྱིལ་བྱིལ་བྱེད་བཞིན་ཡོད་པ་དང་། འདས་པའི་ལོ་གཅིག་རིང་ཁོ་མོས་ཟླ་བར་ཨ་ཤོམ་སོགས་ཁྱད་ལྡན་ཐོན་ཟོག་འཚོང་རོགས་བྱས་པ་རེད།
འདི་ནི་ཚེ་དབང་སྒྲོལ་མས(གཡོན)ཟླ་བའི(དཀྱིལ)ཕྲུ་གུའི་གདོང་ལ་བྱིལ་བྱིལ་བྱེད་བཞིན་ཡོད་པ་དང་། འདས་པའི་ལོ་གཅིག་རིང་ཁོ་མོས་ཟླ་བར་ཨ་ཤོམ་སོགས་ཁྱད་ལྡན་ཐོན་ཟོག་འཚོང་རོགས་བྱས་པ་རེད།