འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་29ཉིན།

༄༅།། མ་མཐའི་འཚོ་བའི་འགན་ལེན་ཐད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབྱེ་འབྱེད་མེད་པར་བཟོ་རྒྱུ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་29ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཚེས་28ཉིན་འཚོགས་པའི་དམངས་སྲིད་པུའི་དུས་ཚིགས་གསུམ་པའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། དམངས་སྲིད་པུས་ཉེ་ཆར་དཔར་འགྲེམ་བྱས་པའི《མ་མཐའི་འཚོ་བ་འགན་ལེན་གྱི་ཞིབ་བཤེར་གཏན་འཁེལ་བྱ་ཐབས》་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་འབྲེལ་བ་ཡོད་པའི་གོ་དོན་བསུབས་པ་དང་། གཏན་འབེབས་ཚང་མར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབྱེ་བ་མི་བྱེད་པར་“མ་མཐའི་འཚོ་བའི་འགན་ལེན”ཞེས་པར་གཅིག་གྱུར་བྱས་ཡོད། དམངས་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ས་གནས་ལ་མ་མཐའི་འཚོ་བ་འགན་ལེན་ལས་དོན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་པར་རིམ་བཞིན་ཉུང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།