འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་29ཉིན།

༄༅།།སི་ཁྲོན་དཀར་མཛེས་ཀྲོའུ་རྟའུ་རྫོང་གིས་ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཆེན་དགའ་གཏོང་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་28ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
རྟའུ་རྫོང་བཞང་རྩིས་གྲོང་རྡལ་དུ་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་ཞབས་བྲོ་འཁྲབ་བཞིན་པ།
རྟའུ་རྫོང་བཞང་རྩིས་གྲོང་རྡལ་དུ་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་ཞབས་བྲོ་འཁྲབ་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན་དུས་ཡུན་ཉིན་7ཡིན་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་རྟའུ་རྫོང་གི་ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་མཇུག་འགྲིལ་བ་རེད། ཡུལ་སྐོར་དུས་ཆེན་རིང་མི་རྣམས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོར་ཞུགས་ནས་དུས་ཆེན་དགའ་གཏོང་བྱས་པ་དང་། བོད་ཟླ་ལྔ་པ་ནི་ཞིང་དལ་དུས་ཚིགས་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་འདེབས་ཀྱི་ཡོད།