འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་28ཉིན།

༄༅།།རྒྱལ་ཡོངས་ཀྱི་རྡོ་ཐ་ལས་རིགས་ཀྱི་སྐབས་དྲུག་པའི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་ས་ལ་འཚོགས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་28ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས། 
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་འདིར། ཟླ་7ཚེས་27ཉིན། རྒྱལ་ཡོངས་ཀྱི་རྡོ་ཐ་ལས་རིགས་ཀྱི་སྐབས་དྲུག་པའི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་ལ་འཚོགས་པ་རེད། 
     ཚོགས་འདུའི་ནང་དོན་གཙོ་བོ་ནི་ཀྲུང་དབྱང་གི་སྐབས་བདུན་པའི་བོད་སྐྱོར་ལས་དོན་བཞུགས་མོལ་འཚོགས་འདུའི་དགོངས་དོན་ནན་ཏིག་གིས་ལག་བསྟར་དོན་འཁྱོལ་དང་། ལས་རིགས་ཀྱི་བོད་སྐྱོར་ལས་དོན་གྱི་གནས་ཚུལ་ལ་ཕྱོགས་བསྡོམས། གོམ་སྟབས་རྗེས་མའི་བོད་སྐྱོར་ལས་འགན་དང་བྱ་ཐབས་འཆར་འགོད། སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཇགས་ཡོང་བར་རྒྱབ་སྐྱོར་བཅས་བྱ་རྒྱུ་དེ་རེད།
     ཚོགས་འདུའི་ཐོག་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་། ཀྲུང་གོ་རྡོ་ཐའི་སྤྱི་ཁྱབ་ཀུང་སིའི་སྤྱིའི་སྤྱི་གཉེར་བ་ཀྲང་ཅན་རྨིན་གྱིས་བཤད་རྒྱུར།“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་། འདི་ག་ལས་རིགས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཁ་གཏད་བོད་སྐྱོར་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གཅིག་སྡུད་གཅིག་གྱུར་གྱི་སྒྲིག་སྲོལ་ལེགས་ཆ་འདོན་སྤེལ་བྱས་ནས་མ་དངུལ་དང་། ཤེས་ལྡན་པ། ལས་སྒོ་སོགས་ཕྱོགས་མང་པོ་དང་རིམ་པ་མང་པོ་ནས་བོད་སྐྱོར་ལས་དོན་ཤུགས་ཆེན་སྤེལ་ཏེ་བོད་སྐྱོར་ལས་དོན་གྱི་བྱ་ཐབས་ཇུས་འགོད་ཞིབ་ཚགས་བྱས་པས་ལས་དོན་ཁག་ལ་དངོས་སུ་ཕན་འབྲས་ཐོབ་ཡོད། 
     “ལོ་ལྔ་ཚན་བཅུ་གསུམ་པའི་”རིང་། རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དང་གོང་དཀར་རྫོང་། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་བཅས་ཀྱི“རྫོང་གསུམ་དང་ཤང་གཅིག”ལ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་གནད་སྨིན་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་པ་མ་ཟད། ཞལ་འདེབས་སྒོར་དུང་ཕྱུར་5ཕུལ་བ་མ་ཟད།  ད་དུང་ས་གནས་དེ་གའི་སྲིད་གཞུང་དང་མཉམ་དུ་དབུལ་པོའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་དབུལ་པོས་སྲིད་ཇུས་ལག་བསྟར་དང་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་ལས་དོན་སྤེལ་བས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་འབོར་ཆེན་ཞིག་གསར་འཛུགས་དང་དར་རྒྱས་བྱུང་ནས་མང་ཚོགས་རྣམས་ཕ་ཡུལ་ནས་བྲལ་མི་དགོས་པར་ཉེ་འགྲམ་དུ་འབབ་འཕར་ཕྱུག་འགྱུར་བྱུང་ཡོད”ཅེས་བཤད་པ་རེད།
     “ངས་ལོ་10ཡང་མ་ལོན་པའི་ཕྲུ་གུ་གཉིས་ལ་ལྟ་རྟོག་བྱེད་དགོས་ཀྱི་འདུག ལས་གནས་འདི་ཁྱིམ་དང་ཐག་ཉེ་བས་ལས་ཀ་སྟབས་བདེ་བ་དང་ལས་ཀ་བྱེད་བདེ་བ་མ་ཟད་ཁྱིམ་ཚང་ལའང་ལྟ་རྟོག་བྱེད་ཐུབ་ཀྱི་འདུག ཉིན་རེར་གླ་ཆ་སྒོར་150ཡོད་པ་དང་ཟླ་རེར་ཡོང་འབབ་སྒོར་4000ཡོང་གི་འདུག ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་། ད་ཆ་མཛེས་བཟོ་བྱས་པའི་བོད་བཟོའི་སྒོ་ར་ཆུང་བའི་ནང་བསྡད་ཡོད”ཅེས་བཤད། རྡོ་ཐའི་གནས་གཏན་འཁེལ་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཡིན་པའི་བོད་རྩྭའི་མུའུ་ཁྲི་ཡི་རྩི་ཤིང་འདེབས་ལས་གསོ་སྐྱོང་རྟེན་གཞིའི་བདེ་སྐྱིད་པད་མས་དེ་ལྟར་བཤད།  
     “ང་འདི་གར་ཡོང་ནས་ལོ་གསུམ་ལྷག་ཙམ་ཕྱིན་སོང་། དང་ཐོག་ཅི་ཡང་མེད་པ་ནས་ད་ལྟ་སྣེ་ལེན་ལྟེ་གནས་ཀྱི་ཉེ་འགྲམ་དུ་འབྲོག་པ་རང་ཉིད་ཀྱིས་གཉེར་སྐྱོང་བྱེད་པའི་གུར་མགྲོན་ཁང་དང་དེ་བཞིན་ཕྱི་ནས་ཡོང་བའི་ཚོང་ཁང་ཇེ་མང་དུ་ཕྱིན་ཡོད། ད་ཆ་ཟླ་རེར་ཡོང་འབབ་སྒོར་4400ཡོང་གི་འདུག”ཅེས་བཤད། རྡོ་ཐའི་གནས་གཏན་འཁེལ་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཏེ་དཔལ་མགོན་རྫོང་ཕྱིང་ལུང་ཤང་གནམ་མཚོའི་རྒྱལ་ཁབ་སྤྱི་གླིང་གི་སྒར་ཁུལ་དུ་ཡུལ་སྐོར་བ་སྣེ་ལེན་ཞུ་བའི་ལྟེ་གནས་སུ་ལས་ཀ་གཉེར་བཞིན་པའི་ཚེ་རིང་རྡོ་རྗེ་ཡིས་དེ་ལྟར་བཤད། 
     “ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱས་པ་ནས་བཟུང་དེ་སྔ་ལྟར་གང་སར་ཕྲུ་གུའི་སློབ་ཡོན་སྐྱི་མི་དགོས་ལ་ད་ཆ་ཕྲུ་གུ་སློབ་ཆེན་ནས་སློབ་མཐར་ཕྱིན་ཡོད། 2018ལོར་ཁྱིམ་ཚང་ཡང་དབུལ་སྒྲོལ་ཐུབ་ཡོད” ཅེས་རྡོ་ཐའི་གནས་གཏན་འཁེལ་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཡིན་པའི་རྒྱ་ཐང་གྲོང་ཚོའི་ཚོགས་ཆུང་8པའི་བསོད་ནམས་དབྱངས་ཅན་གྱིས་དེ་ལྟར་བཤད། 
     བསྡོམས་རྩིས་བྱས་པར་གཞིགས་ན།“རྫོང་གསུམ་དང་ཤང་གཅིག”གི་འབྲེལ་ཡོད་ཐོན་ལས་རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་དུད་ཚང་7028ཀྱི་མི་28806བརྟན་པོའི་ངང་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་5240ཟིན་པ་དང་ཡིག་ཚགས་དང་གཱ་བཟོས་མེད་པའི་དུད་ཚང་གི་མི་རེར་ལོ་རེར་ཡོང་འབབ་སྒོར་5193.5འཕར་ཡོད་པ་རེད། 
     ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་དང་རྡོ་ཐ་ལས་རིགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། གཞན་ཡང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་དང་ཀྲུང་གོའི་རྡོ་ཐ་སྤྱི་ཁྱབ་ཀུང་སིས་ད་དུང་ཞལ་འདེབས་འབུལ་བའི་གྲོས་མཐུན་བཞག་པ་རེད།
【1】  【2】
གྲ་ནང་རྫོང་གི་བོད་རྩྭའི་མུའུ་ཁྲི་ཡི་རྩི་ཤིང་འདེབས་ལས་གསོ་སྐྱོང་རྟེན་གཞི།
གྲ་ནང་རྫོང་གི་བོད་རྩྭའི་མུའུ་ཁྲི་ཡི་རྩི་ཤིང་འདེབས་ལས་གསོ་སྐྱོང་རྟེན་གཞི།