འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་28ཉིན།

༄༅།།ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ་རིང་ཤོས་དེ་
ལས་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་28ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲེང་ཅང་གཙང་པོའི་ཟམ་ཆེན་ཡིན་པ།
འདི་ནི་ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲེང་ཅང་གཙང་པོའི་ཟམ་ཆེན་ཡིན་པ།
   ཟླ་7ཚེས་26ཉིན། ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲེང་ཅང་གཙང་པོའི་ཟམ་ཆེན་གྱི་ཟམ་གདན་མཐའ་མ་དེ་བཏིང་ཟིན་པ་དེ་ཐོག་ནས་ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ་རིང་ཤོས་དང་པོ་དེ་ལས་མཇུག་འགྲིལ་བ་མཚོན་ཡོད། ཁྲེང་ཅང་གཙང་པོའི་ཟམ་ཆེན་དེ་ཀོང་ཤིས་ཧོ་ཁྲེ་གྲོང་ཁྱེར་ཏུའུ་ཨན་རྫོང་ཁོངས་སུ་ཡོད་པ་དང་ལན་ཀྲོའུ་ནས་ཧའེ་ཁའུ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཁྲེང་ཅང་རྒྱལ་ཁབ་འདམ་རའི་སྤྱི་གླིང་། ཏུའུ་ཨན་རྫོང་ཁྲེང་ཅང་གཙང་པོའི་རིམ་གཉིས་ཆུ་ཁུངས་སྲུང་སྐྱོང་ཁུལ་བཅས་བརྒྱུད་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་15.5ཡོད། ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་མགྲོད་ལྕགས་ལམ་དེ་ཀོང་ཤིས་ནུབ་བྱང་རྒྱུད་ནས་ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད་བར་ཡིན་པས་ཀོང་ཤིས་ཀྱི་ཆུ་ཚོད་རེར་མྱུར་ཚད་ལ་སྤྱི་ལེ་350འཆར་འགོད་བྱས་པའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་རེད། ལམ་ཐིག་ཧྲིལ་པོ་2023ལོའི་ལོ་མཇུག་ཏུ་གཉེར་སྐྱོང་བྱེད་འགོ་ཚུགས་རྒྱུ་དང་སྐབས་དེ་དུས་ནན་ཉིང་ནས་ཀུའེ་དབྱང་བར་གྱི་ལམ་ཐག་ཆུ་ཚོད་2ལྷག་ཙམ་ཐུང་དུ་འགྲོ་རྒྱུ་རེད།