འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་27ཉིན།

༄༅།།ཧྲང་ཧའེ་ནས་ཏོག་གསར་རིམས་འགོག་སྨན་ཁབ་ཁྲི་200ཨུ་ཟ་བྷེ་ཁི་སི་ཐན་དུ་ཕྱིར་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་27ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    མི་དམངས་དྲ་བའི་འཕྲིན།  2021ལོའི་ཟླ་7ཚེས་19ཉིན། ཏོག་གསར་རིམས་འགོག་སྨན་ཁབ་ཁྲི་200ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་ནས་འགག་སྒོ་མྱུར་སྒྲོལ་གྱིས་གཙང་གླས་གནམ་གྲུར་བླུགས་ནས་ཨུ་ཟ་བྷེ་ཁི་སི་ཐན་དུ་དབོར་བ་རེད། ཛ་དྲག་གི་རིམས་འགོག་དངོས་ཟོག་དེ་དག་འགག་སྒོ་སྒྲོལ་བདེ་པོ་ཡོང་ཆེད། ལྗིད་ཐེག་རླངས་འཁོར་ཕུའུ་ཏུང་གནམ་ཐང་དུ་མ་འབྱོར་གོང་ནས་ཁེ་ལས་ཀྱིས་ཕུའུ་ཏུང་གནམ་ཐང་གི་འགག་སྒོའི་འགག་སྒྲོལ་ཞབས་ཞུ་ལྟེ་གནས་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་ཕྱིར་གཏོང་ཆེད་སྤྱོད་སྐར་ཁུང་དུ་སྔ་སྣུར་ནས་འདུན་ཞུ་བྱས་ཡོད་པ་རེད། ཕུའུ་ཏུང་གནམ་ཐང་གི་འགག་སྒོས་རིམས་འགོག་སྨན་ཁབ་ཕྱིར་གཏོང་གི་ཆེད་དོན་བཀོད་སྒྲིག་གཞིར་བཟུང་ཁེ་ལས་ལ“གཅིག་གཏད་གཅིག”གི་ཆེད་ལས་མཛུབ་ཁྲིད་བྱས་པ་རེད།