འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་23ཉིན།

༄༅།།རྨ་ཆུའི་རྩྭ་ཐང་དུ་གླིང་སྒྲུང་དཀྲོལ་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་23ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    མི་དམངས་དྲ་བའི་འཕྲིན། དབྱར་དུས་སུ་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྩྭ་ཐང་དུ་སྒྱུ་རྩལ་བ་ཚོ་ཡངས་པའི་རྩྭ་ཐང་དུ་འཛོམས་ནས་གླིང་སྒྲུང་དཀྲོལ་གཏོང་བྱས་ཡོད། རྨ་ཆུ་རྫོང་ལ“གེ་སར་གྱི་འབྱུང་གནས”ཞེས་འབོད་ཅིང་། ལོ་ངོ་ཁྲི་སྟོང་མང་པོའི་རིང་བོད་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་བ་ཚོས་གླིང་སྒྲུང་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་བས། འཛམ་གླིང་དུ་སྐད་གྲགས་ཆོད་པའི་དཔའ་བོའི་ལོ་རྒྱུས་སྙན་ངག《གླིང་སྒྲུང》ཞེས་པ་བྱུང་ཡོད། 2006ལོར་གླིང་སྒྲུང་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་ཚུད་ཡོད།