འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་22ཉིན།

༄༅།།བོད་ཀྱིས་མ་རྩ་སྒོར་ས་ཡ་ཡན་གྱི་མཉམ་ལས་ཁང་700བསྐྲུན་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་22ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ཀྱིས་མ་རྩ་སྒོར་ས་ཡ་ཡན་གྱི་མཉམ་ལས་ཁང་700བསྐྲུན་རྒྱུ་ཡིན།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱིས་དེང་རབས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་འབྲོག་པའི་མཉམ་ལས་ཁང་ཚད་ལྡན་ངང་སྤུས་ཚད་མཐོ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་ཏེ་མ་རྩ་སྒོར་ས་ཡ་ལས་བརྒལ་བའི་མཉམ་ལས་ཁང་700ཡན་དང་སྒོར་བྱེ་བ་ལས་བརྒལ་བའི་མཉམ་ལས་ཁང་70ཡན་ཟིན་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན།
     ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས“མཉམ་ལས་ཁང་+ཞིང་དུད”དང“སྣེ་འདྲེན་ཁེ་ལས་+གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་+ཞིང་དུད”སོགས་ཀྱི་བྱེད་ཐབས་བརྒྱུད་ཆེད་ལས་ཅན་གྱི་ཆུ་ཚད་དང་ཐོན་སྐྱེད་ལས་ཕྱོད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། ཁྱད་ལྡན་ཐོན་ལས་དར་སྤེལ་དང་། སོན་བཟང་ཁྱབ་གདལ། མུའུ་རེའི་ཐོན་ཚད་མཐོར་འདེགས་བཅས་བཏང་ཁར་ཐོན་རྫས་ཀྱི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་བ་དང་། ཐོན་ལས་འབྲེལ་ཐག་རྒྱ་ཆེར་བཏང་ནས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ཡོད། 
     བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྩེ་ཐོག་གྲོང་རྡལ་རྒྱ་རུ་རྩ་གྲོང་ཚོའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དུ་སྐྱོད་སྐབས་ཚ་རླབས་ཤིག་འཕྱུར། ཚུན་ཁུན་ཅེ་ནི་མཉམ་ལས་ཁང་གི་ལག་ཤེས་པ་ཞིག་ཡིན་ལ་འགན་འཁུར་བའང་རེད། མིག་སྔར་མཉམ་ལས་ཁང་དུ་ཚུན་ཁུན་ཅེ་དང་མཉམ་དུ་སློབ་སྦྱོང་བྱེད་མཁན་དགེ་ཕྲུག་ཁྱོན་9ཡོད་པ་དང་ཁོང་ཚོ་ཚང་མ་དེ་སྔ་ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་དབུལ་པོ་རེད། “ངས་འདི་གར་བོད་ཀྱི་གྲི་བཟོ་བའི་ལག་རྩལ་ཤེས་བྱུང་། ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ཡོད་ལ། ལོ་མཇུག་ཏུ་གྲོང་ཚོའི་ནང་ད་དུང་ཐོབ་ཆ་བགོ་རྒྱུ་འདུག”ཅེས་ལོ་29ལ་སླེབས་པའི་བྱམས་པ་ལྷུན་གྲུབ་ཀྱིས་བཤད།
     བཟོ་སྐྲུན་གྱི་ལས་ཕྱོད་དང་བཟོ་རྩལ་མཐོར་འདེགས་གཏོང་ཆེད། ཚུན་ཁུན་ཅེ་ཡིས་རླུང་སྒུལ་ཐོ་བ་དང་། གཤེར་གནོན་འཕྲུལ་འཁོར། སྐུལ་འོད་རྐོ་འཁོར་འཕྲུལ་ཆས་སོགས་ནང་འདྲེན་བྱས་ཡོད། “ང་ཚོས་ཕྱོགས་གཅིག་ནས་གནའ་བོའི་ལག་ཤེས་ཀྱི་བཟོ་རྩལ་རྒྱུན་འཛིན་བྱས་པ་དང་། གཉིས་ནས་འཕྲུལ་ཆས་ལ་བརྟེན་ནས་ཐོན་ཚད་དང་སྤུས་ཚད་འགན་ལེན་བྱས་ཏེ་མཉམ་ལས་ཁང་གི་ཆེད་ལས་ཅན་དང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད”ཅེས་བཤད།
     མི་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད། ཚུན་ཁུན་ཅེ་དང་མཉམ་ལས་ཁང་གིས་དུད་ཚང་ཁག་ལ་ཚད་གཞི་ལྟར་གྲི་ཤུབས་བཟོ་བར་བསྔགས་སྐུལ་བྱས་ཤིང་ཉོ་སྒྲུབ་གཅིག་གྱུར་བྱས་ཡོད།
     གཞི་གྲངས་ལས་མངོན་གསལ།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོ་སོར་162དང་13475ཟིན་པ་དེ་2015ལོ་ལས་65%དང་ལྡབ་1.9འཕར་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྤུས་ཚད་མཐོ་བ་དང་། ཆེད་ལས་ཅན། དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་གྱུར་ནས་ཞིང་འབྲོག་པར་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། 
【1】  【2】
འདི་ནི་མཉམ་ལས་ཁང་གི་ཁོངས་མི་དཔའ་གོ་ཡིས་མི་རིགས་ལག་ཤེས་བཟོ་རྩལ(པང་གདན)ཆེད་ལས་མཉམ་ལས་ཁང་དུ་པང་གདན་འཐག་བཞིན་པ།
འདི་ནི་མཉམ་ལས་ཁང་གི་ཁོངས་མི་དཔའ་གོ་ཡིས་མི་རིགས་ལག་ཤེས་བཟོ་རྩལ(པང་གདན)ཆེད་ལས་མཉམ་ལས་ཁང་དུ་པང་གདན་འཐག་བཞིན་པ།