འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་16ཉིན།

༄༅།།བོད་སྐྱོར་སྨན་པའི“ངོ་མཚར་ཆེ་བའི་གཏམ་རྒྱུད”

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་15ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་སྐྱོར་སྨན་པའི“ངོ་མཚར་ཆེ་བའི་གཏམ་རྒྱུད”
    ཧྲན་ཏུང་ཐའེ་ཨན་ནས་ཡིན་པའི་ཝང་ཁེ་མིང་ལ་པེ་ཅིང་ཞེ་ཧོ་གསོ་རིག་སློབ་ཆེན་ནས་གསོ་བ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ་ཡོད། ཀྲུང་གོ་གསོ་རིག་ཚན་རིག་ཁང་དབྱིབས་བཅོས་ཕྱི་བཅོས་ཚན་ཁག་སྨན་ཁང་གི་གཙོ་བཅོས་སྨན་པ་གཞོན་པ་ཡིན་པའི་ཁོང་གིས་2020ལོའི་ཟླ་7པར་རང་འགུལ་ངང་མིང་ཐོ་བཀོད་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཁག་དྲུག་པའི་རིགས་གཅིག་མཁས་ཅན་གྱི་གྲས་སུ་གྱུར་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཕྱག་ལས་གནང་བར་ཕེབས་ཡོད།
    བོད་དུ་སླེབས་ནས་ཡུན་རིང་མ་སོང་བར། ཝང་ཁེ་མིང་གིས་སྨན་ཁང་ལ་གཞོགས་འདེགས་བྱས་ཏེ་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་དབྱིབས་བཅོས་ཕྱི་བཅོས་ཚན་ཁག་གསར་དུ་བཙུགས་ཏེ། ངོ་གདོང་ཡ་མ་གཟུགས་ཀྱི་ནད་པར་བོད་རང་ནས་སྨན་བཅོས་ཐུབ་རྒྱུའི་རེ་འདུན་ཞུས། གསོ་རིག་དབྱིབས་བཅོས་ཕྱི་བཅོས་ཚན་ཁག་བཙུགས་ནས་དུས་ཐུང་ཟླ་བ་ཁ་ཤས་རིང་ཁ་ཆད་བྱེད་མཁན་ནད་པ་300ལྷག་ཙམ་ཟིན་ཏེ། ཝང་ཁེ་མིང་ཡང་སླེབས་མ་ཐག་པའི་སྐབས་གཟའ་འཁོར་རེར་གཤགས་བཅོས་ཉིན་གཅིག་ལས་བྱེད་མི་དགོས་པ་ནས་གཤགས་བཅོས་ཉིན་ལྔ་བྱེད་དགོས་པའི་བར་རིམ་བཞིན་མང་དུ་སོང་ཡོད། ཞིང་འབྲོག་པ་ལྷ་སར་སྨན་བཅོས་བྱེད་པར་སྟབས་བདེ་མེད་པར་བསམ་གཞིག་བྱས་ཏེ་ཁོང་གིས་རུ་ཁག་ཐེངས་མང་སྒྲིག་འཛུགས་བྱས་ནས་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་སོགས་སུ་འོས་འགན་སྨན་བཅོས་ལ་བསྐྱོད་ཡོད།
    རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་དང་གཤགས་བཅོས་ཕུད། ཝང་ཁེ་མིང་གིས་ད་དུང་གཅིག་སྡུད་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་བོད་ཀྱི་ས་ཆ་དེ་གའི་གསོ་རིག་དབྱིབས་བཅོས་ཕྱི་བཅོས་ཚན་ཁག་གི་ཤེས་ལྡན་མི་སྣའི་དཔུང་ཁག་གི“བརྒྱུད་རོགས་ཁྲིད”གསུམ་གྱི་ལས་དོན་ཡག་པོ་བསྒྲུབས་ཡོད། ཁོང་གི་སྣེ་ཁྲིད་འོག་སྨན་ཁང་དུ་གསོ་རིག་དབྱིབས་བཅོས་བྱེད་མཁན་མང་དུ་ཕྱིན་ནས་ལག་རྩལ་གྱི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད།
    འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རྒྱས་དར་ཤང་རྒྱས་དར་གྲོང་ཚོར་འོས་འགན་སྨན་བཅོས་ལ་ཡོང་བའི་ཝང་ཁེ་མིང(གཡོན་གྱི་དང་པོ)གིས་གྲོང་མིར་བདེ་ཐང་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།