འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་30ཉིན།

༄༅།།བོད་ལྗོངས་ཀྱི་མི་3ལ་རྒྱལ་ཡོངས་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིའི་མཚན་སྙན་ཐོབ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་30ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་བློ་མཐུན་གསུམ་ལ་“རྒྱལ་ཡོངས་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅི”ཡི་མཚན་སྙན་ཐོབ་འདུག 
   ཀྲང་ཀྲེང་། ད་ལྟ་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་རེད། གཞི་རིམ་ལས་དོན་གྱི“འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”ཡིན་པའི་ངོས་ནས། ཁོང་གིས་ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་ཡོད་པ་དང་། སེམས་ནང་མི་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་སྒྲིག་ཁྲིམས་ཡོད་པ་བཅས་བྱས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བཅས་བྱས་ཡོད། “འབད་བརྩོན་མཐའ་དག་མང་ཚོགས་ཀྱི་བློ་ལ་འབབ་ཆེད”དང་མང་ཚོགས་ཀྱི“དཀའ་ཚེགས་དང་རེ་སྒུག་བྱེད་པ”ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས། ཇ་བསྲུབས་མའི་དྲི་མ་སྣོམ་མི་ཐུབ་པ་ནས་མར་དྲི་ལ་དགའ་བར་གྱུར་ཡོད་པ་བཅས་ཀྱི་འགྱུར་ལྡོག་ཕྲན་བུ་ཚང་མ་ནི་དམངས་ཀྱི་ཆེད་དུ་རེད། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ“དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་བའི”གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། “མཐུད་རྒྱུགས་དབྱུག་པ”ཡག་པོ་ལེན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།
   ཀྲའོ་ཐན་ཝུའུ། ད་ཆ་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡིན། ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་ཅིང་། མཐའ་མཚམས་ཀྱི་འཐབ་ས་དང་པོའི“ས་གནས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ”ཞིག་ཡིན་པའི་ངོས་ནས། ཁོང་གིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་དེ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། ཏང་སྲིད་དང་དམག་མི་ཉེན་རྟོག་པ་མང་ཚོགས་བཅས་ཀྱིས་མཉམ་འགོག་མཉམ་བཅོས་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མཐའ་མཚམས་ཀྱི་མདུན་ཕྱོགས་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་རྟོག་ཞིབ་དང་སློབ་སྦྱོང་བྱ་རྒྱུའི་སྣེ་ཁྲིད་དང་། ལྗོངས་ཡོངས་ཀྱི་བུད་མེད་མཉམ་འགོག་རུ་ཁག་དང་པོ་འཛུགས་རྒྱུར་སྐུལ་འདེད། མང་ཚོགས་སྣེ་ཁྲིད་དེ་ས་སྲུང་མཐའ་བརྟན་བདེ་འཇགས་སྲུང་སྐྱོང་བཅས་བྱས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་བྱེད་མཁན་བྱས་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ནན་ཏན་བསྟར་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བསམ་བློ་ཆགས་པ་དང་། གནད་འཁེལ་དབུལ་སྒྲོལ་གྱི་ཁུག་མ་ཕྱུག་པོ། ཏང་གི་རྗེས་སུ་འབྲངས་ནས་མི་རབས་ནས་མི་རབས་བར་ཕྱུག་པོ་ཡོང་བའི་”འབོད་ཚིག་བཏོན་པ་དང་། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་འགག་སྒྲོལ་དཀའ་སེལ་དང་། འགན་འཁྲི་འཁུར་ནས་རྫོང་ཁོངས་ཀྱི་ཕྱོགས་གཅིག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འགན་ལེན་བྱས་ཡོད།
   དགའ་ལྡན་ཕུན་ཚོགས། ད་ལྟ་ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བྲག་ཡིབ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཡིན། ཅུན་རྫོང་བཅོས་སྐྱོང་བྱས་ན། གནམ་འོག་བདེ་ལ་འཁོད། ས་གནས་རང་གི་མི་ཡིན་པའི་ངོས་ནས་དགའ་ལྡན་ཕུན་ཚོགས་ཀྱིས་ཆབ་སྲིད་ཐོག་གི་བསམ་ཤེས་ཅན་དང་། འཕེལ་རྒྱས་ཀྱི་ལམ་འབྱེད་པ། མང་ཚོགས་ལ་སྙིང་ཉེ་མཁན། ཚན་ཁག་གི་སྣེ་ཁྲིད་པ་བཅས་སུ་འགྱུར་རྒྱུར་བརྩོན་ལེན་བྱས་ཡོད། ཚད་གཞི་དང་ཆབ་སྲིད་ལ་སྣང་ཆེན་བྱས་ནས“སྲུང་སྐྱོང་གཉིས”ཀྱི་ལག་ལེན་པ་ཞིག་བྱ་རྒྱུའི་སྣེ་ཁྲིད་བྱས་ཏེ་། དར་ཆ་གསལ་སྒྲེང་སྒོས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཡོད། རྩ་འཛུགས་ཀྱི་བཙན་རྫོང་སྟོབས་ཆེར་བཏང་བ་དང་། སྣེ་ཁྲིད་དེ་ཚན་ཁག་དམ་འཛིན་དང་། དཔུང་ཁག་སྣེ་ཁྲིད་ནས“ཏང་ཡོན་རྣམས་ཕྱུགས་ཟོག་དང་མཉམ་དུ་གནས་སྤོ་བ་དང་། ཀྲི་པུའུ་ཏང་ཡོན་དང་འགྲོགས་ནས་གནས་སྤོ་བའི”འབྲོག་ཁུལ་གྱི་ཏང་འཛུགས་སྐྲུན་བྱེད་སྟངས་གཏོད་ཡོད། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་“གཉེན་ཉེ་འཚོལ་བའི་”བྱེད་སྒོ་སྤེལ་ཏེ། ལས་ཁུངས་དང་སྡེ་ཚན་ལ་“གཉེན་ཉེ་”ཡོད་པ་དང་། ཏང་ཡོན་ལས་བྱེད་པ་ཚང་མར་“གཉེན་ཉེ་”ཡོད་པར་བྱས་ཡོད། ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེ་རུ་བཏང་བ་དང་། ས་གནས་དེ་གའི་མི་སེར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་པ་ལོངས་སྤྱོད་ཐུབ་པ་བཅས་བྱས་ཡོད།