འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་30ཉིན།

༄༅།།《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ》ཐད་ཀྱི་དྲན་རྟེན་
སྦྲག་འཛིན་དང་དྲན་གསོའི་ཡིག་སྐོགས་པེ་ཅིང་དུ་ཁྱབ་སྤེལ་བྱས་ཡོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་30ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ》ཐད་ཀྱི་དྲན་རྟེན་
སྦྲག་འཛིན་དང་དྲན་གསོའི་ཡིག་སྐོགས་པེ་ཅིང་དུ་ཁྱབ་སྤེལ་བྱས་ཡོད།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ》ཐད་ཀྱི་དྲན་རྟེན་སྦྲག་འཛིན་དང་དྲན་གསོའི་ཡིག་སྐོགས་པེ་ཅིང་དུ་ཁྱབ་སྤེལ་བྱས་ཡོད། ཀྲུང་གོ་སྦྲག་སྲིད་ཀྱིས་ཟླ་7ཚེས་1ཉིན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ》ཐད་ཀྱི་སྦྲག་འཛིན་20ལྡན་པའི་དྲན་རྟེན་སྦྲག་འཛིན་ཆ་ཚང་གཅིག་དང་དྲན་གསོའི་ཡིག་སྐོགས་ཆ་ཚང་1འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།
     《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ》ཐད་ཀྱི་དྲན་རྟེན་སྦྲག་འཛིན་ནི་ཏང་བཙུགས་ནས་ལོ་100འཁོར་བའི་རིམ་སྤེལ་སྦྲག་འཛིན་ནང་འགྲེམས་སྤེལ་བྱེད་མང་ཤོས་དང་།མཚོན་བྱ་ནང་དོན་རྒྱ་ཆེ་ཤོས། འགྲེམས་སྤེལ་གྱི་ཚད་གཞི་མཐོ་ཤོས་བཅས་ཀྱི་སྦྲག་འཛིན་ཆ་ཚང་ཞིག་རེད། སྦྲག་འཛིན་དེ་ལག་འབྲེལ་མའི་རྣམ་པའི་ཐོག་ནས་ཇུས་འགོད་བྱས་ཡོད་ཅིང་། དེའི་ནང་དོན་སོ་སོ་ནི། གནམ་ས་འབྱེད་པ་དང་། སྤྱིར་བཏང་མིན་པའི་ལོ་ཟླ། སྲོག་ཤིང་ཀ་རྟེན། རླབས་ཆེན་གྱི་རྒྱལ་ཁ། རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེན་པོ། ཨ་འགོག་ཁྲའོ་རོགས། ལམ་ལུགས་ཀྱི་རྨང་གཞི་འདིང་བ། རང་སྟོབས་རང་སྤེལ། བསྒྱུར་བཅོས་ཀྱི་དཔྱིད་རླབས། ཕྱི་ཕྱོགས་ལ་སྒོ་འབྱེད་པ། དུས་རབས་གོང་འཕེལ། ཚན་རིག་དང་མཐུན་པའི་འཕེལ་རྒྱས། དབུལ་ཕོངས་ལས་སྒྲོལ་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པ། དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས། གཡོར་མོ་བསྒྲེངས་ནས་རྒྱང་སྐྱོད། དད་སེམས། བྱ་གཞག་རླབས་པོ་ཆེ། འགག་སྒྲོལ། ཕུགས་འདུན་དོན་གཉེར་བཅས་རེད། སྦྲག་འཛིན་ལ་དམིགས་བསལ་དུ་ཆེམ་འོད་དམར་པོ་གཉིས་ཀྱི་སྣུམ་སྣག་སྤྱད་ཡོད་ཅིང་། དམར་པོ་དང་གསེར་མདོག་གཉིས་གཟུགས་བརྙན་གྱི་ནང་དོན་གཙོ་བོར་བྱས་ཡོད་པ་དང་། སྣུམ་ཚོན་རི་མོའི་དངོས་འབྲི་བྱེད་ཐབས་སྤྱད་པ་མ་ཟད། ད་དུང་རྒྱུན་མི་ཆད་པའི་དར་དཔྱངས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད་པས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱ་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་མཚོན་པར་བྱས་ཡོད།
     དྲན་གསོའི་ཡིག་སྐོགས་དེར་ཏང་རྟགས་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་”ཞེས་པའི་གསེར་མདོག་གི་ཡི་གེ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གི་ཚོན་རྩིའི་ལྡེབས་རིས་ཆེ་གྲས《ལྕགས་རི་རིང་པོར་བསྟོད་པ》སོགས་མཚོན་བྱེད་ཀྱི་གཞི་རྒྱུར་བྱས་ཡོད།