འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་29ཉིན།

༄༅།།མཛད་སྒོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་29ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཛད་སྒོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་སྤེལ་བ།
   མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤའོ་ཕེ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཡང་ཧྲེང་། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཡེ་ཀྲོའུ། ཀྲུང་དབྱང་ནོར་སྲིད་གཞུང་དོན་ཁང་གི་རྒྱུན་གཏན་ལས་དོན་ཁག་བགོས་ཀྱི་ཀྲུའུ་རེན་གཞོན་པ་ཧན་ཝུན་ཤིའུ་བཅས་གདན་དྲངས་ནས་སྡེ་ཚན་ཁག་གི་ལས་ཀའི་འགན་ནུས་ངོ་སྤྲོད་དང་ཟུང་འབྲེལ་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།