འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་28ཉིན།

༄༅།།ཚེ་གྲུབ་ཀྱི་ལག་རྟགས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་28ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚེ་གྲུབ་ཀྱི་ལག་རྟགས།
    ད་ལོའི་ཟླ་7པའི་ཚེས་1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཉིན་མོ་རེད། དམིགས་བསལ་གྱི་དུས་ཆེན་འདི་ལ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་ལྷོ་ཤང་ཆུ་ལྷོ་གྲོང་ཚོའི་ཏང་ཡོན་ཚེ་གྲུབ་ཀྱིས་ཆེད་དུ་དམིགས་བསལ་གྱི་“ཐང་ག”ཞིག་བཟོས་ཡོད།
   “ཐང་ག”འདི་ནི་མཚོ་ཆེན་རྫོང་མི་དམངས་ཀྱིས་སྲོལ་རྒྱུན་གྱོན་ཆས་བཟོ་བར་སྤྱོད་རྒྱུའི་ལུག་པགས་ཀྱིས་རྨང་གཞི་བྱས་པ་དང་དེའི་ཐོག་ཏང་རྟགས་དང“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ། ”“མི་དམངས་ལ་ཞབས་འདེགས་ཞུ་བ”“1921ལོ་ནས་2021ལོའི་བར”སོགས་ཀྱི་ཡི་གེ་བྲིས་ཡོད། “ཐང་ག”གི་ཕྱོགས་བཞིར་དར་གོས་ཀྱིས་མཐའ་བཏུམ་ཡོད་པས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། ཁོང་གིས་དམིགས་བསལ་གྱི“ཐང་ག”དེ་བརྒྱུད་ནས་ཏང་དང་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་བཀའ་དྲིན་མཚོན་པར་བྱེད་འདོད་པ་རེད། ཁོང་གིས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་པ་ཡིན་ན། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་ད་ཆའི་བདེ་སྐྱིད་དང་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་མི་ཐུབ”ཅེས་བཤད་པ་རེད།
   ཚེ་གྲུབ་ཀྱི་ཨ་ཕ་ནི་དེ་སྔ་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན། ཆུང་དུས་ནས་ཨ་ཕའི་རྒྱལ་གཅེས་བརྩེ་སེམས་ཀྱི་ཤུགས་རྐྱེན་འོག་འཚར་ལོངས་བྱུང་བའི་ཚེ་གྲུབ་ཀྱང་2011ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཡོད་པ་རེད།