འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་28ཉིན།

༄༅།།གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་28ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་དགོས།
   མི་དམངས་དྲ་བའི་འཕྲིན། 1966ལོར་ལྷ་སའི་ལྷུན་འགྲུབ་ཞིང་ར་བསྐྲུན་གྲུབ་ནས། བོད་སྐྱོད་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་གིས་ཡུལ་དེའི་མི་སེར་རྣམས་ཀྱི་སྣེ་ཁྲིད་དེ་ས་དེའི་ཐོག་ཐོན་སྐྱེད་འཛུགས་སྐྲུན་གྱི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་ཡོད། ལྷུན་འགྲུབ་ཞིང་ར་ནི་དུས་རབས་ཤིག་གི་ཐོན་རྫས་ཤིག་རེད། དེས་དེ་སྔའི་ཚ་ཚ་འུར་འུར་གྱི་ཐོན་སྐྱེད་རྣམ་པ་བདེན་དཔང་ཐུབ་པ་དང་བོད་ཀྱི་དར་རྒྱས་དང་བརྟན་ལྷིང་དངོས་སུ་མཐོང་ཡོད་པ་རེད། དེ་དང་ཁོང་ཚོ་ནས་རྒྱུད་སྤེལ་བྱས་པའི་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་དྲན་ཤེས་སྔར་བཞིན་ད་ལྟར་ས་ཆ་འདིར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེ་ཤོས་དེ་རེད།
ལྷ་སའི་ལྷུན་འགྲུབ་ཞིང་ར་དེ་ལྷ་ས་དང་ཐ་ན་ལྗོངས་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་དང་གསར་བརྗེའི་ཡུལ་སྐོར་གཞི་གཅིག་ཅན་གྱི་རིག་དངོས་གནས་རྙིང་དུ་གྱུར་ཡོད་པ་དང་། དེས་མི་རྣམས་ཀྱི་སྣེ་ཁྲིད་དེ་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་ཀྱི་ཡོད།
༄༅།།གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་དགོས།