འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་19ཉིན།

༄༅།།ཟླ་དང་པོ་ནས་ལྔ་པ་བར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས་24.2%
འཕར་བ། 2019ལོའི་དུས་མཚུངས་ལས་7.3%འཕར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་19ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ནོར་སྲིད་པུས་འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་གྱི་ནོར་སྲིད་གཏོང་སྒོའི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་96454ཟིན་པ་དེ་དུས་མཚུངས་ལས་24.2%འཕར་ནས་2019ལོའི་དུས་མཚུངས་ལས་7.3%འཕར་ཡོད། ཟླ་རེའི་གྲངས་གཞི་ནས་བལྟས་ཚེ། ཟླ་5པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས་18.7%འཕར་བ་དེ་2019ལོའི་དུས་མཚུངས་ལས་6.8%འཕར་ཡོད་པ་རེད།
    ཟླ་དང་པོ་ནས་ལྔ་པ་བར། རིམ་རྩིས་བྱས་ན་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་45735ཟིན་པ་དེ་དུངས་མཚུངས་ལས་27%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པ་འདི་གའི་ཡོང་འབབ་སྒོར་དུང་ཕྱུར་50719ཟིན་པ་དེ་དུས་མཚུངས་ལས་21.7%འཕར་བ་དང་། རྒྱལ་ཡོངས་ཀྱི་དཔྱ་ཁྲལ་ཡོང་འབབ་དུས་མཚུངས་ལས་25.5%འཕར་བའི་ཁྲོད། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་དུས་མཚུངས་ལས་24%འཕར་བ། ཁེ་ལས་ཀྱི་ཐོབ་ཁྲལ་དུས་མཚུངས་ལས་21.8%འཕར་བ། རྒྱལ་ནང་གི་འཛད་སྤྱོད་དཔྱ་ཁྲལ་དུས་མཚུངས་ལས་16.6%འཕར་བ། མི་སྒེར་གྱི་ཐོབ་ཁྲལ་དུས་མཚུངས་ལས་25.9%འཕར་བ། ནང་འདྲེན་བརྒྱུད་རིམ་གྱི་དཔྱ་ཁྲལ་དུས་མཚུངས་ལས་28.7%འཕར་བ་བཅས་ཚུད་ཅིང་། དཔྱ་ཁྲལ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར་12623ཟིན་པ་དེ་དུས་མཚུངས་ལས་16.2%འཕར་ཡོད།
   ཟླ་དང་པོ་ནས་ལྔ་པ་བར། རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་93553ཟིན་པ་དེ་དུས་མཚུངས་ལས་3.6%འཕར་བའི་ཁྲོད། ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་12000ཟིན་པ་དེ་དུས་མཚུངས་ལས་8.9%ཆག་པ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་81553ཟིན་པ་དེ་དུས་མཚུངས་ལས་5.8%འཕར་བ། སློབ་གསོ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་སོགས་ཁྱབ་ཁོངས་གཙོ་བོར་གཏོང་སྒོ་གཏོང་ཤུགས་མགྱོགས་སུ་ཕྱིན་ཡོད།
    སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོའི་ཐད། ཟླ་དང་པོ་ནས་ལྔ་པ་བར་རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་29704ཟིན་པ་དེ་དུས་མཚུངས་ལས་25.6%འཕར་བ་དང་། རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་29614ཟིན་པ་དེ་དུས་མཚུངས་ལས་7%ཆག་ཡོད་པ་རེད།